སྲུང་སྐར་ཟོག་འབྲེལ་དྲ་རྒྱའི་ལས་སྒོའི་ཚོང་སྤྱོད་ཚོད་ལྟ་བྱེད་འགོ་ཚུགས་པ།
ཚོང་ལས་འཇིག་རྟེན་འཕུར་སྐྱོད་དང་དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་པ།
ཉིན་ཤས་གོང་། 2025ལོའི་ཀྲུང་གོའི་5Gདང་བཟོ་ལས་དྲ་སྦྲེལ་ཚོགས་ཆེན་ཧུའུ་པེ་ཝུའུ་ཧན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་རྒྱལ་གྱི་སྲུང་སྐར་ཟོག་འབྲེལ་དྲ་རྒྱའི་ལས་སྒོའི་ཚོང་སྤྱོད་ཚོད་ལྟ་བྱེད་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་ཚོང་སྤྱོད་ཚོད་ལྟ་བྱ་ཡུན་ལོ་གཉིས་ཡིན་ཞིང་། བླང་བྱ་དང་མཐུན་པའི་ཁེ་ལས་ཀྱིས་སྲུང་སྐར་ཟོག་འབྲེལ་དྲ་རྒྱའི་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས། སྲུང་སྐར་འཕྲིན་གཏོང་ཁྲོམ་རའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཚོང་ལས་འཇིག་རྟེན་འཕུར་སྐྱོད་དང་དམའ་དབྱིངས་དཔལ་འབྱོར་སོགས་གསར་དར་ཐོན་ལས་བདེ་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱ་རྒྱུ་རེད།
སྲུང་སྐར་ཟོག་འབྲེལ་དྲ་རྒྱས་སྲུང་སྐར་འཕྲིན་གཏོང་ལག་རྩལ་སྤྱད་ནས། ས་ངོས་དང་། རྒྱ་མཚོ། མཁའ་དབྱིངས་བཅས་ཀྱི་སྒྲིག་ཆས་འབོར་ཆེན་སྦྲེལ་མཐུད་ཀྱིས་གྲངས་གཞི་འཚོལ་བསྡུ་དང་བརྒྱུད་གཏོང་ཞབས་འདེགས་ཞུ་གི་ཡོད། དེའི་བཀོལ་སྤྱོད་ཁྱབ་ཁོངས་ནང་རྒྱ་མཚོའི་ཉ་ལས་དང་། འགྲིམ་འགྲུལ་ཟོག་འགྲེམས། ནུས་རྒྱུ་ཆུ་བེད། འཕྲལ་སྡོམ་འཕྲིན་གཏོང་། དམའ་དབྱིངས་དཔལ་འབྱོར། བཟོ་ལས་དྲ་སྦྲེལ་སོགས་ཚུད་ཡོད། འདི་ལོའི་ཟླ་བརྒྱད་པར། བཟོ་ལས་དང་ཆ་འཕྲིན་ཅན་པུས《ལས་སྒོའི་ཆོག་འཐུས་ལེགས་སུ་བཏང་ནས་སྲུང་སྐར་འཕྲིན་གཏོང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་སྲུང་སྐར་འཕྲིན་གཏོང་སྒོ་དབྱེའི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་དང་བརྒྱུད་རིམ་ལྡན་པའི་འཆར་འགོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།