དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་སྲིད་པུའུ་དང་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལས་ཀའི་མཛུབ་སྟོན་ཡིག་ཆ་བཀྲམ་ནས།

    རྒན་གསོའི་སྒྲིག་གཞིའི་སྔོན་བསྡུའི་གྲོན་དངུལ་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-26

    རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ཉེ་ཆར། དམངས་སྲིད་པུའུ་དང་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《རྒན་གསོའི་སྒྲིག་གཞིའི་སྔོན་བསྡུའི་གྲོན་དངུལ་བསྡུ་ཉར་དོ་དམ་ལས་དོན་གྱི་མཛུབ་ཁྲིད་ཡིག་ཆ》བཀྲམ་ནས། རྒན་གསོའི་སྒྲིག་གཞིའི་སྔོན་བསྡུའི་གྲོན་དངུལ་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཚོང་ལས་དངུལ་ཁང་གི་ཕྱོགས་གསུམ་པའི་བསྡུ་ཉར་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་རེད།

    མཛུབ་ཁྲིད་ནང་གསལ་པོར་བསྟན་དོན། སྔོན་བསྡུའི་གྲོན་དངུལ་གྱི་ཆེད་སྤྱོད་བཅོལ་དངུལ་རྩིས་ཐོ་ཞེས་པ་ནི་རྒན་གསོའི་སྒྲིག་གཞིས་ཚོང་ལས་དངུལ་ཁང་དུ་བཙུགས་པའི་རྒན་རྒོན་གྱི་སྔོན་བསྡུའི་གཏའ་དངུལ་དང་ཚོགས་མིའི་གྲོན་དངུལ་བསྡུ་ཉར་དོ་དམ་ལ་སྤྱོད་པ་དང་། དེ་བཞིན་གཏན་འབེབས་ལྟར་ཉར་བའི་ཉེན་ཁའི་ཁག་ཐེག་དངུལ་གྱི་ཆེད་སྤྱོད་རྩིས་ཐོར་ཟེར་བ་ཡིན། རྒན་གསོའི་སྒྲིག་གཞིས་ཆེད་སྤྱོད་བཅོལ་དངུལ་གྱི་རྩིས་ཐོ་ཕྱིར་འཐེན་བྱེད་དགོས་ཚེ། སྔོན་ལ་ལྟ་འདོམས་ཀྱི་འགན་འཁུར་མཁན་དམངས་སྲིད་སྡེ་ཚན་ལ་བསྡུ་ཉར་དོ་དམ་མ་དངུལ་ཐག་གཅོད་བྱེད་ཐབས་སོགས་ཀྱི་ཇུས་གཞི་སྙན་སེང་ཞུ་དགོས་པ་དང་། སྙན་སེང་ཞུ་ཉིན་ནས་བཟུང་རྒན་རྒོན་ས་ནས་བཅོལ་དངུལ་དང་ཚོགས་མིའི་གྲོན་དངུལ་སླར་ཡང་བསྡུ་མི་ཆོག

    མཛུབ་སྟོན་ཡིག་ཆའི་ནང་བཏོན་དོན། རྒན་གསོའི་སྒྲིག་གཞིས་རྩ་དོན་ཐོག་བསྡུ་ཉར་དོ་དམ་དངུལ་ཁང་བརྒྱུད་གཏའ་དངུལ་དང་ཚོཌ་མིའི་གྲོན་དངུལ་བསྡུ་དགོས། གཏོང་སྤྲོད་སྒྲིག་གཞི་གཞན་བརྒྱུད་པའམ་ཡང་ན་དངུལ་སྨར་བླངས་རིགས་ལ། བསྡུས་པའི་ཉིན་དེར(འགྱངས་ཤོས་ལ་གནངས་ཉིན་བར་ཡིན)ཆེད་སྤྱོད་བཅོལ་དངུལ་གྱི་རྩིས་ཐོར་བསྒྱུར་བའམ་ཡང་ན་འཇུག་དགོས། བསྡུ་ཉར་དོ་དམ་མ་དངུལ་རྣམས་ཐོལ་བྱུང་གནས་ཚུལ་འོག་རྒན་རྒོན་གྱི་སྨན་རིན་ལ་སྤྱོད་རིགས་ལ། བསྡུ་ཉར་དོ་དམ་དངུལ་ཁང་གིས་ཆད་ན་རུང་བའི་སྒྲུབ་གཉེར་བྱེད་ཆོག་པ་དང་། རྒན་གསོའི་སྒྲིག་གཞིས་རྒན་རྒོན་སྨན་བཅོས་བྱས་རྗེས་ཀྱི་ལས་ཀའི་ཉིན་བདུན་ནང་འབྲེལ་ཡོད་ཀྱི་དཔང་རྟགས་དཔྱད་གཞི་ཁ་གསབ་བྱེད་དགོས། གྲོན་དངུལ་ཕྱིར་སློག་དགོས་རིགས་ལ། རྒན་གསོའི་སྒྲིག་གཞིས་དུས་ཐོག་ཏུ་བསྡུ་ཉར་དོ་དམ་དངུལ་ཁང་ལ་གྲོན་དངུལ་ཕྱིར་སློག་གི་རེ་ཞུ་བྱེད་དགོས་པ་དང་། བསྡུ་ཉར་དོ་དམ་དངུལ་ཁང་གིས་འབྲེལ་ཡོད་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་གྲོན་དངུལ་ཕྱིར་སློག་རེ་ཞུ་བྱེད་ཉིན་དེར(འགྱངས་ཤོས་ལ་གནངས་ཉིན་བར་ཡིན)དེ་སྔའི་ཐབས་ལམ་ལྟར་གྲོན་དངུལ་ལྷག་མ་སྤྲོད་ཐེངས་གཅིག་ལ་ཕྱིར་སློག་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།