དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་ཁྱབ་གདལ་གཟའ་འཁོར་ཡུན་ནན་ཏ་ལི་རུ་འགོ་ཚུགས་པ།

    མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་120ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-26

    མངོན་མིན་རིག་གནས་ཤུལ་བཞག་དེང་རབས་ཀྱི་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཟླ་11ཚེས་23ཉིན་གྱི་སྔ་དྲོར། 2025ལོའི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་ཁྱབ་གདལ་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་ཁྱད་ཆོས་ལྡན་པ་དང་། སྐད་གྲགས་ཅུང་ཆེ་བ། ཤུགས་རྐྱེན་ཅུང་ཆེ་བ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་120ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། ཉེ་བའི་ལོ་ཤས་རིང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།

    ད་ཐེངས་ཀྱི་ཁྱབ་གདལ་གཟའ་འཁོར་རིང“སྤུས་རྟགས་ཀྱིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད། མངོན་མིན་རིག་གནས་ཤུལ་བཞག་གིས་འཚོ་བར་བཀྲག་མདངས་སྣོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁྱད་ལྡན་བྱེད་སྒོ་ཁག་4གཉེར་བ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ཐོན་རྫས་འགྲེམས་ཚོང་བྱས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་སྒྱུ་རྩལ་དང་བསམ་བཀོད་ཐབས་མཆོག་དེ་མཐོང་ཐུབ་པ་དང་། རེག་ཐུབ་པ། ཉོ་རྒྱུ་ཡོད་པ། ཉམས་ལེན་ཐུབ་པ་བཅས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ཐོན་རྫས་དང་ཞབས་ཞུར་བསྒྱུར་ཞིང་། མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་གཏོད་པར་བགྲོ་གླེང་དང་། བརྗོད་དོན་གཙོ་བོའི་ཞིབ་བསྡུར་དང་དཔེ་འདྲེན་དབྱེ་ཞིབ་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་གཏོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་གསར་པ་ཁྱབ་བསྒྲགས་བྱས་ཏེ་གསར་དུ་བཏོན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་འབྲེལ་ཡོད་ཐོན་རྫས་དང་མིང་འབྲེལ་རིགས་ཁོངས་སྒྲོལ་བའི་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་སོགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།