དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གནམ་གྲུར་སྡོད་སྐབས་འགྲུལ་པས་རྐུབ་སྟེགས་འཁོར་ལོའི་ཞབས་ཞུ་ཇི་ལྟར་ལོངས་སྤྱོད་བྱེད་དགོས་སམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཆིའུ་ཁྲའོ་དབྱི།   |     སྤེལ་དུས།  2025-11-26

    2025ལོའི་ཟླ་10ཚེས་26ནས་2026ལོའི་ཟླ་3ཚེས་28ཉིན་བར། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དགུན་དཔྱིད་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུ་གཏོང་བའི་འཆར་གཞི་ལག་ལེན་བསྟར་བ་རེད། མཁའ་འགྲུལ་དུས་ཚིགས་གསར་པར་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ཀུང་སི་210ཡིས་གཟའ་འཁོར་རེར་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་དུས་གཏན་གནམ་གྲུ་ཁྲི་11.95བཀོད་སྒྲིག་བྱ་རྒྱུའི་འཆར་གཞི་བཀོད་པ་དེ་ན་ནིང་གི་དུས་མཚུངས་ལས་1.3%འཕར་ཡོད།

    དུས་གཏན་གནམ་གྲུ་མང་དུ་སོང་བ་དང་ཆབས་ཅིག་འགྲུལ་པ་ཕྱིར་བསྐྱོད་རྒྱུར་ཞབས་ཞུ་དེ་བས་ལེགས་པ་ཞུ་ཆེད། མཁའ་འགྲུལ་ཀུང་སི་མི་ཉུང་བ་ཞིག་གིས་ཕྱིར་བསྐྱོད་རྒྱུར་སྟབས་བདེ་པོ་མེད་པའི་འགྲུལ་པ་ཚོར་རྐུབ་སྟེགས་འཁོར་ལོའི་ཞབས་འདེགས་ཞུས་ཡོད། རྐུབ་སྟེགས་འཁོར་ལོའི་ཞབས་ཞུ་ཇི་ལྟར་རེ་ཞུ་བྱེད་དགོས་པ་དང་། དེར་དོ་སྣང་བྱེད་དགོས་རིགས་གང་ཞིག་ཡོད་པའི་ཐད་ལ། གསར་འགོད་པས་རྒྱལ་ཁབ་མཁའ་འགྲུལ་ས་ངོས་ཞབས་ཞུའི་ཕྱོགས་བསྡུས་ཞབས་ཞུའི་གཙོ་འགན་འཁུར་མཁན་ལུའོ་ལི་དང་རྒྱལ་ཁབ་མཁའ་འགྲུལ་གནམ་གྲུའི་འགྲུལ་པ་ཞབས་ཞུ་པུའི་ཀྲུའུ་རེན་འགྲུལ་ཞབས་འགོ་འཛིན་ཝང་ཐི་ལ་བཅར་འདྲི་ཞུས་པ་ཡིན།

    འགྲུལ་པས་ཐབས་ལམ་སྣ་ཚོགས་བརྒྱུད་རྐུབ་སྟེགས་འཁོར་ལོའི་ཞབས་ཞུ་སྔོན་ནས་རེ་ཞུ་བྱེད་ཆོག་པ་དཔེར་ན། ཀྲུང་གོ་མཁའ་འགྲུལ་གྱི་གཞུང་ཕྱོགས་དྲ་རྒྱ་དང་། རྒྱལ་ཁབ་མཁའ་འགྲུལ་གྱི་APPནས་སྒྲུབ་གཉེར་རམ་ཡང་ན་རྒྱལ་ཁབ་མཁའ་འགྲུལ་95583འགྲུལ་པའི་ཐད་འབྲེལ་ཞབས་ཞུའི་ཁ་པར་ཨང་གྲངས། སྤ་སེ་བཙོང་སའི་ལས་སྟེགས་སོགས་ཀྱི་མི་ཐབས་བརྒྱུད་རྐུབ་སྟེགས་འཁོར་ལོའི་ཞབས་ཞུ་སྔོན་མངགས་བྱེད་ཆོག གནམ་གྲུའི་ཆེ་ཆུང་དབང་གིས་དབོར་འདྲེན་ལ་ཚོད་འཛིན་ཐེབས་མོད་ཀྱང་། འགྲུལ་པས་རྐུབ་སྟེགས་འཁོར་ལོའི་ཞབས་ཞུ་སྔོན་མངགས་བྱེད་དགོས་ཚེ། དུས་གཏན་གནམ་གྲུ་མ་འཕུར་གོང་གི་ཉིན་དང་པོའི་ཕྱི་དྲོའི་ཆུ་ཚོད་བཞི་པའི་སྔོན་ནས་མངགས་དགོས།

    ཝང་ཐིས། གནམ་གྲུར་འཛུལ་སྐབས་རྐུབ་སྟེགས་འཁོར་ལོ་སྤྱོད་མཁན་འགྲུལ་པ་གཞན་གྱི་སྔོན་ལ་གནམ་གྲུར་འཛུལ་ཆོག་གི་ཡོད། གནམ་གྲུར་བསྡད་རྗེས། མཁའ་འགྲུལ་ཞབས་ཞུ་བས་འགྲུལ་པར་སྡོད་ས་འཚོལ་རོགས་བྱེད་པ་དང་། རྡོག་ཁྲེས་དང་། འཁར་རྒྱུག་སོགས་ཡག་པོ་འཇོག་རོགས་བྱེད་པ་མ་ཟད། འགྲུལ་པ་ཚོར་འགྲོ་བདེའི་གསང་སྤྱོད་སོགས་ངོ་སྤྲོད་བྱེད་ཀྱི་ཡོད། གལ་སྲིད་འགྲུལ་པས་གནམ་གྲུའི་ནང་རྐུབ་སྟེགས་འཁོར་ལོ་དགོས་པའི་རེ་ཞུ་བྱས་ཡོད་ན། གནམ་གྲུའི་ཞབས་ཞུ་བས་འགྲུལ་པར་གནམ་གྲུའི་ནང་རྐུབ་སྟེགས་འཁོར་ལོ་ཕར་ཚུར་གཏོང་རོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།