རྒྱལ་སྒྲོལ་དྲ་ཚོང་གིས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འཕེལ་རྒྱས་བཏང་བ།

ད་ལོ་ཚུན་དུ། རུང་ཁྲེང་གྲོང་ཁྱེར་གྱིས“མཚོ་འདྲེན་ཐད་འཕུར་དང་། རྒྱལ་སྒྲོལ་དྲ་ཚོང་། ཕྱི་རྒྱལ་མཛོད་ཁང་བཅས་ཟུང་འབྲེལ”སོགས་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་སྣ་མང་ཅན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་བཏོད་ཡོད། སྲོལ་རྒྱུན་ཟོག་འདྲེན་ནུས་ཤུགས་ཡོད་རྒུས་སྒྲུབ་འགན་འཁུར་བ་དང་ཆབས་ཅིག རྒྱལ་སྒྲོལ་དྲ་ཚོང་གི་ལས་སྒོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་སྟེ། སྟབས་བདེ་ནུས་ཆེའི་འགག་སྒྲོལ་དཔྱད་བཤེར་གྱི་ཁོར་ཡུག་བསྐྲུན་པས་རྒྱལ་སྒྲོལ་དྲ་ཚོང་གི་འཁོར་རྒྱུག་ལས་ཕྱོད་དང་སྐྱེལ་འདྲེན་གྱི་བདེ་འཇགས་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་ནས་ཕྱིར་གཏོང་ནང་འདྲེན་གྱི་དཔལ་འབྱོར་ཚོང་དོན་གྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། འདི་ནི་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་གྲུ་ཁ་གསར་པར་ཕྱི་རྒྱལ་གྱི་འགྲུལ་སྐྱེལ་དང་ཟོག་འདྲེན་གྱི་གྲུ་གཟིངས་མང་པོ་ནས་དངོས་ཟོག་འབེབས་བཞིན་པ།
འབྲེལ་ཡོད་གསར་འགྱུར།