དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • གངས་ལྗོངས་ས་མཐོར་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་རྩ་བ་ཚུགས་པ།

    —— ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-26

    འདི་ལོ་ཚུན་དུ། ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་དང་རྣམ་གླིང་རྫོང་ལྟེ་བའི་སྨན་ཁང་གིས“ཏང་འཛུགས་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། འཕེལ་རྒྱས་མཉམ་སྐུལ”གྱི་དམིགས་ཚད་ལ་དམ་པོར་གཞིགས་ནས། “གོམ་སྟབས་གཅིག་གྱུར་དང་ཕན་ཚུན་ལྟ་སྐྱོང”གི་བདེ་ཐང་མཉམ་ལས་ཀྱི་རྣམ་པ་གསར་པ་མཉམ་དུ་བཏོད་དེ། རྣམ་གླིང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་དང་དམངས་ཡོངས་ཀྱི་བདེ་ཐང་འགན་སྲུང་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    རོགས་སྐྱོར་བྱ་ཡུལ་སྡེ་ཚན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་ཚུལ་ཉམས་ཞན་དང་ཆེད་གཉེར་ཏང་དོན་མི་སྣ་ཁ་ཐང་བའི་གནད་དོན་ཐད། ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཐབས་ཇུས་ལག་ལེན་ཧུར་ཐག་བསྟར་ནས། ཆེད་གཉེར་མི་སྣ་ཟུར་འཐེན་གྱིས་ཏང་ཨུད་གཞུང་ལས་ཁང་བཙུགས་པ་མ་ཟད། རོགས་སྐྱོར་སྡེ་ཚན་དང་མཉམ་དུ་བོད་སྐྱོར་ཏང་སྲིད་མཉམ་འབྲེལ་གཞུང་ལས་ཁང་གི་སྐད་འཕྲིན་ཚོགས་པའང་བཙུགས་ཤིང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ཏང་དོན་ཉམས་མྱོང་ཕུན་སུམ་ཚོགས་པའི་རྐང་འཛིན་སྟོབས་ཤུགས་བོད་སྐྱོར་ཏང་སྲིད་མཉམ་འབྲེལ་གཞུང་ལས་ཁང་དུ་མངགས་ཏེ། རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་འགོ་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་ཕན་འབྲས་ངོ་མ་ཐོན་པའི་འགན་ལེན་བྱས་ཡོད།

    མཉམ་འབྲེལ་གཞུང་ལས་ཁང་ལ་བརྟེན་པ་དང་ཆབས་ཅིག་ཏང་དོན་ལས་བྱེད་པ་ཆེད་དོན་གསོ་སྦྱོང་དང་ལས་སྒོའི་རོགས་ཁྲིད་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཞིང་། རོགས་སྐྱོར་དང་ལེན་ཚན་པས་ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེན་འཛུགས་སྐྱོང་བྱེད་པ་དང་། རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་རམ་འདེགས་བྱེད་པ་དང་ཏང་འཛུགས་སྐྱོང་ལས་དོན་དང་ལྟེ་བའི་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བོད་སྐྱོར་བྱ་གཞག་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་སྣེ་ཁྲིད་བྱས་ཡོད།

    སྨན་བཅོས་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་ཞབས་ཞུའི་ཞན་ཆ་བསལ་བ།

    རོགས་སྐྱོར་དང་ལེན་ཚན་པའི་སྨན་བཅོས་ཞབས་ཞུའི་ནུས་པ་ཆུང་བ་དང་། ཐོན་ཁུངས་དཀོན་པ། ཆེད་ཚན་ཉམས་ཞན་བཅས་ཀྱི་དོན་དངོས་གནས་ཚུལ་ལ་དམིགས་ཏེ། ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཤེས་ལྡན་པ་དང་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཡོད། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”ལམ་སྲོལ་གཏིང་ཟབ་ཏུ་བཏང་བ་དང་ཆབས་ཅིག“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་རོགས་ཁྲིད་བྱེད་སྟངས་སྤྱད་ཡོད། བོད་སྐྱོར་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་རྐང་འཛིན་ཤེས་ལྡན་པས“སྔོ་དཀར་འདུ་འགོད”ཀྱི་དགེ་རྒན་དང་དགེ་ཕྲུག་ཆ་སྒྲིག་བྱས་ཤིང་། རིམ་རྩིས་བརྒྱབ་ན་མི་ཐེངས་30ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་དང་བརྙན་ཐུང་60ལྷག་ཙམ་བཟོས་ནས་སྔོན་ཐོན་ལག་རྩལ་དང་སྨན་བཅོས་ཉམས་མྱོང་ས་གནས་དེ་གར་རྩ་བ་ཚུགས་ནས་ཡུན་རིང་རྒྱུན་འཛིན་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    “ཝུའེ་ཧྥང་དང་རྣམ་གླིང་གི་རྒྱང་བསྟེན་སྨན་བཅོས་མཉམ་ལས་ལྟེ་གནས”འཛུགས་རྒྱུར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་ཚད་བཀག་གཏོར་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་དུས་ཐོག་ཏུ་མཉམ་སྤྱོད་ཐུབ་པར་བྱས་པ། མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་པ། “སྨན་བཅོས་བྱེད་ས་ཐག་རིང་བ་དང་སྨན་བཅོས་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། བྱེད་ཐབས་མང་པོ་སྤྱད་ནས་མཉམ་དུ་ཤུགས་བརྒྱབ་པས“ས་གནས་དེ་གའི་སྨན་པས་གཙོ་ཁྲིད་དང་བོད་སྐྱོར་སྨན་པས་མཛུབ་ཁྲིད་བྱེད་པའི”རྣམ་པ་བཟང་པོ་རགས་ཙམ་ཆགས་ཡོད།

    སྨན་ཁང་གི་དོ་དམ་ནུས་པར་ཤུགས་བརྒྱབ་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    ཝུའེ་ཧྥང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་དོ་དམ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ཤིང་། རོགས་སྐྱོར་དང་ལེན་སྨན་ཁང་གིས་ཀ་པ་རིམ་པ་གཉིས་པར་དཔྱད་འདེམས་བྱེད་པར་རོགས་རམ་བྱ་རྒྱུ་དེ་ལྟེ་བའི་དམིགས་ཚད་ཀྱི་གྲས་སུ་བརྩིས་ནས་དོ་དམ་རོགས་སྐྱོར་ལས་དོན་གྱི་ལྷུ་ཚིགས་ཁག་ནང་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་བྱས་ཡོད།

    མིག་སྔའི་བར། རིམ་པ་གཉིས་པའི་ཞིབ་དཔྱད་ཀྱི་བླང་བྱར་དམིགས་ནས་དྲ་ཐོག་སྤེལ་རེས་སློབ་སྦྱོང་ཐེངས་20ལྷག་ཙམ་བྱས་ཤིང་། རིམ་རྩིས་བརྒྱབ་ན་མི་ཐེངས་150ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། རོགས་སྐྱོར་དང་ལེན་ཚན་པར་སྨན་བཅོས་སྤུས་ཚད་ཚོད་འཛིན་དང་། ཕན་འབྲས་ཞིབ་དཔྱད། སྨན་ཁང་གི་འགོས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཞིབ་དཔྱད་ཚད་གཞི་དང་མཐུན་ཆ་ཆེ་བའི་སྒྲིག་སྲོལ་ལམ་ལུགས་20ལྷག་ཙམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་གཙོ་གནད་ཐོག་རོགས་རམ་བྱས་པ། སྒོ་བསྟེན་དང་། ནད་སྡོད། གཤགས་བཅོས་སོགས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུའི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་བ། རོགས་སྐྱོར་དང་ལེན་སྨན་ཁང་དེ་ཉིད་སྲོལ་རྒྱུན་གྱི་ཉམས་མྱོང་དོ་དམ་ནས་དེང་རབས་ཚན་རིག་དོ་དམ་དུ་འགྱུར་བར་སྐུལ་འདེད་བཏང་བ་བཅས་བྱས་ནས། རོགས་སྐྱོར་དང་ལེན་སྨན་ཁང་རིམ་པ་གཉིས་པའི་དཔྱད་ཞིབ་བདེ་བླག་ངང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།