གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་སྲ་བརྟན་ཡོང་བར་སྐུལ་འདེད་བཏང་བ།
—— མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཧོ་ཅེར་ཆེད་དོན་བཅར་འདྲི་བྱས་པ།
ཉེ་ཆར། གསར་འགོད་པས་མངའ་རིས་ས་ཁུལ་གྱིས་གཞི་རིམ་དང་རྨང་གཞིར་དམ་འཛིན་ཡག་པོ་ཇི་ལྟར་བྱས་པའི་སྐོར་ལ་མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་རྩ་འཛུགས་པུའི་པུའུ་ཀྲང་ཧོ་ཅེར་བཅར་འདྲི་བྱས་པ་ཡིན།
གསར་འགོད་པ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཁྲོད་མངའ་རིས་ས་ཁུལ་གྱིས“གསལ་ཐོ་གསུམ”གྱི་ལམ་སྲོལ་བཙུགས་འདུག ལམ་སྲོལ་འདིས་ནུས་པ་ཇི་ལྟར་བཏོན་པའི་ཐད་ངོ་སྤྲོད་གནང་རོགས།
ཧོ་ཅེ། ཐོག་མར་སློབ་སྦྱོང་གི་གསལ་ཐོས་ཁ་ཕྱོགས་གསལ་པོ་བཏོན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི“བླང་བྱ་ཁག་ལྔའི”དགོངས་དོན་གྱི་ནང་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། རིམ་པ་དབྱེ་བ་དང་ཁྱབ་ཁོངས་དབྱེ་ནས་འགུལ་རྣམ་སློབ་སྦྱོང་གི་གསལ་ཐོ་བཟོས་པ་དང་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་སློབ་ཁྲིད་བྱེད་པ་དང་། ཆེད་དོན་བགྲོ་གླེང་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པ། དྲ་ཐོག་ལས་སྟེགས་ཀྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཏང་ཡོན་ལས་བྱེད་པས་དགོངས་དོན་གྱི་སྙིང་པོ་དང་ལྟེ་བའི་བླང་བྱར་གོ་བ་གཏིང་ཟབ་ལེན་ཐུབ་པའི་འགན་ལེན་བྱས་ཡོད། དེ་ནས་ལས་འགན་གསལ་ཐོས་ཐབས་ལམ་གཏན་འཁེལ་བྱས་ཤིང་། བརྟག་ཞིབ་རྒྱ་ཁྱབ་དང་། བསམ་གཞིག་ནན་ཏན། ཞིབ་འཇུག་ཡང་ཡང་བཅས་ཀྱི་རྨང་གཞིའི་ཐོག་གཞི་རིམ་ཏང་འཛུགས་སྐྱོང་གི“ལོ་གསུམ་གྱི་བྱ་སྤྱོད”ལག་བསྟར་ཇུས་གཞི་དང་གཙོ་གནད་ལས་འགན་ཁག་བཅུ་གཏན་འཁེལ་བྱས་ཡོད།
གསར་འགོད་པ། མངའ་རིས་ས་ཁུལ་གྱིས་ཏང་འཛུཌ་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་དང་དམངས་འཚོའི་ཞབས་ཞུར་ཤུགས་སྣོན་ཇི་ལྟར་རྒྱག་གི་ཡོད་དམ།
ཧོ་ཅེ། ང་ཚོས“དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་བའི”ཞབས་ཞུའི་དྲ་རྒྱ་དམ་ཚགས་སུ་བཏང་ནས་དམངས་འཚོའི་ཐོབ་སྣང་དེ་བས་ཆེ་རུ་བཏང་ཡོད། གཅིག་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་ཞིང་། དུས་བཀག་ལྟར་ས་ཁུལ་ཡོངས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་མིག་དཔེར་བྱས་ནས་ཐུན་མོང་ཐོག་མཐོར་འདེགས་བཏང་ཡོད། གཉིས་ནས་དྲ་མིག་ཅན་གྱི་དོ་དམ་ལ་རམ་འདེགས་བྱས་ཤིང་། དྲ་མིག་ཏང་རྩ་འཛུགས་461དང་ཏང་ཚོགས་ཆུང་709བཙུགས་པ་དང་། གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་དྲ་མིག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་བ། དྲ་མིག་པ་483(ཆེད་དོན་དྲ་མིག་པ་429)བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་རྩ་འཛུགས་ཀྱི་རྨང་གཞི་ཡག་པོ་ཞིག་བཏིང་ཡོད། གསུམ་ནས་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་ལས་དོན་གཏིང་ཟབ་སྤེལ་ཡོད།
གསར་འགོད་པ། མངའ་རིས་ས་ཁུལ་གྱིས“མཐའ་མཚམས་ཏང་འཛུགས་སྐྱོང་གི་ལེ་དབར་སྟོང་གི་གསར་བརྗེའི་ཁྱམས་རིང”སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། དེའི་ཐད་ཀྱི་གནས་ཚུལ་གླེང་རོགས།
ཧོ་ཅེ། ང་ཚོས“མཐའ་མཚམས་ཏང་འཛུགས་སྐྱོང་གི་ལེ་དབར་སྟོང་གི་གསར་བརྗེའི་ཁྱམས་རིང”སྤུས་རྟཌ་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྔོན་སྐྱོད་ལེན་ཤོག་གི་ཞབས་རྗེས་འཚོལ་བ་བཅས་གཙོ་གནད་དུ་བྱས་ཏེ། སྒེར་རྩེ་རྫོང་གི་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་དང་། དགེ་རྒྱས་རྫོང་གི་ཐད་གཏོགས་མཛོད་ཀྱི་གནའ་ཤུལ། མངའ་རིས་ཡན་ལག་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་འགྲེམས་ཁང་སོཌ་གསར་བརྗེའི་རྟེན་གཞི་ལ་བརྟེན་ནས་གསར་བརྗེའི་ལོ་རྒྱུས་དང་དཔའ་བོའི་བྱས་རྗེས་ཁག་12ལེགས་སྒྲིག་བྱས་པ་དང་། ཅ་དངོས་སྣ་ཚོགས་200ཙམ་དང་། དངོས་ཆས་རྙིང་པ་1234 ལོ་རྒྱུས་ཀྱི་པར་རིས་114 གསར་བརྗེའི་ཚད་ལྡན་ཡིག་ཆ་53བཅས་བསྡུ་རུབ་བྱས་ཏེ་མི་ཁྲི་10.85ལྷག་ཙམ་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།