གྲ་ནང་རྫོང་གིས་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་བཏང་བར་ཕན་འབྲས་དངོས་ཐོན་པ།
ཉེ་ཆར། གསར་འགོད་པར་གྲ་ནང་རྫོང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཚོད་སྐོར་ཚོགས་ཆུང་དང་བཅས་པས་གྲ་ནང་རྫོང་གི་རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་བཏང་ཚུལ་ཐད་ཆེད་དོན་ཚོད་སྐོར་བྱས་པ་རེད། ཚོད་སྐོར་ལས་དོན་ཚོགས་ཆུང་གིས་ཐོན་ཁུངས་བཀོད་སྒྲིག་དང་། སྲིད་གཞུང་གི་འགན་ལེན། སློབ་གསོའི་སྤུས་ཚད། སྤྱི་ཚོགས་ཀྱི་ཁས་ལེན་སོགས་ལྟེ་བའི་དམིགས་ཚད་ཐད་གྲ་ནང་རྫོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ངོས་འཛིན་བྱས་པ་རེད།
ཞིབ་ཕྲའི་ལག་ལེན་ཁྲོད། གྲ་ནང་རྫོང་གིས་བྱ་ཐབས་ཆེན་པོ་ལྔ་བརྒྱུད་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་སྟེ། གཅིག་ནས་ཏང་འཛུགས་སྐྱོང་དང་སློབ་གསོ་མཉམ་འདྲེས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིཌ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་དེ་རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་མཉམ་འདྲེས་བྱས་ཏེ། སློབ་ཚན་གོང་གི་བག་ཕེབས་སྐར་མ་གསུམ་དང་སློབ་ཚན་དང་པོའི་འགན་འཁུར་ལམ་ལུགས་སོགས་བསམ་བློ་ཆབ་སྲིད་སློབ་གསོའི་ལམ་སྲོལ་དོན་འཁྱོལ་དང་། སློབ་གྲྭ་འབྲིང་ཆུང་གི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་སློབ་སྤྱིའི་འགན་འཁུར་ལམ་ལུཌ་ཁྱབ་གདལ་བཏང་བ་དང་། གཉིས་ནས་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཉེ་བའི་ལོ་གསུམ་རིང་རིམ་པ་དེ་གའི་སློབ་གསོར་མ་དངུལ་གཏོང་ཚད་ཀྱིས་70%བཟུང་བ་དང་། 2023ལོ་ནས་བཟུང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.39བསྡུ་སྒྲིལ་བྱས་ཏེ་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྤྱད་པ། གསུམ་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་དང་ས་ཁོངས་སྒྲོལ་བའི་མཉམ་ལས་ལམ་སྲོལ་བཙུགས་ཏེ། “ལག་གདང་སྦྲེལ་བའི”སྤེལ་རེས་མཉམ་སྐྲུན་བྱེད་སྒོ་སྤེལ་བ་དང་། དགེ་རྒན་གྱི་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་བྱས་ནས་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། བཞི་ནས་མི་སྐྱོང་གི་ཕྱོགས་བསྡུས་སྤུས་ཚད་མཐོ་རུ་བཏང་སྟེ་སྒྱུ་རྩལ་སློབ་གསོ་དང་། ཚན་རྩལ་གསར་གཏོད། མངོན་མིན་རིག་གནས་ཤུལ་བཞག་སློབ་གླིང་དུ་ཁྱབ་གདལ་གཏོང་བ་སོཌ་ཀྱི་བྱེད་སྒོ་སྤེལ་ནས། ལུས་རྩལ་འགྲན་བསྡུར་དམ་འཛིན་བྱ་གཞིར་བྱས་ཏེ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ། ལྔ་ནས་སློབ་གསོའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཞུགས་ཐུབ་ཚད་དང་། སྲ་བརྟན་གཏོང་ཚད། བྱིས་པ་དབང་སྐྱོན་སློབ་ཞུགས་བྱེད་ཚད། མཉམ་སྤོས་བུ་ཕྲུག་སློབ་ཞུགས་བཀོད་སྒྲིག་བྱེད་ཚད་བཅས་ཚང་མ་100%ཟིན་ནས་བཤོལ་འགོག་སློབ་སྐྱོང་རྒྱུན་མཐུད་ངང་སྟབས་བསྟུན་གཙང་བཟོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།