དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་33.78སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-25

    གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་33.78སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་3%འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་མཐོ་ཚད་གསར་པ་བཏོད་ཡོད། ཉིན་རེར་དངོས་ཟོག་བླུགས་པའི་འཁོར་སྒྲོམ་ཁྲི་18.6ཟིན་ནས་དུས་མཚུངས་ལས་4%འཕར་ཏེ། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བ་དང་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་བྱས་ནས་ཚད་ལྡན་དོས་སྒམ་ཁྲི་1425.8སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་16.2%འཕར་བ་དང་། ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི“སྤ་སེ་གཅིག་གི་ལམ་ལུགས”ཀྱི་ཟོག་འགྲེམས་ཐོན་རྫས་ཀྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་3མངགས་ཉོ་བྱས་ཡོད།

    རྒྱལ་སྒྲོལ་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བརྟན་པོ་ཐུབ་ཅིང་། ཟླ་བ་དང་པོ་ནས་བཅུ་པའི་བར། ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཁྲི་2.8བཏང་ནས་དུས་མཚུངས་ལས་7.8%འཕར་ཡོད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྒྲོལ་དངོས་ཟོག་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་452སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་14%འཕར་ཡོད། ནུབ་རྒྱུད་སྐམ་མཚོའི་འགྲོ་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་ཚད་ལྡན་དོས་སྒམ་ཁྲི་120སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་64%འཕར་ཡོད་པ་རེད།

    གཙོ་གནད་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ནུས་ལྡན་བྱུང་ཞིང་། ཟླ་བ་དང་པོ་ནས་བཅུ་པའི་བར། རྒྱལ་ཁབ་ལྕགས་ལམ་གྱིས་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་17.32བྱས་པའི་ནང་གློག་གཏོང་རྡོ་སོལ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་11.78ཟིན་པ་དང་བཙོ་སྦྱང་དངོས་ཟོག་དང་འབྲུ་རིགས་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་9.1%དང་13.8%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།