དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་པའི་བར་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་14.97སྤར་བ།

    སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-25

    ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་བསྡོམས་རྩིས་གྲངས་གཞིའི་སྙན་ཞུ་ལས་མངོན་པར། ད་ལོ་ཚུན་དུ། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བཅུ་པའི་བར། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་30.9ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.83གྱིས་མང་བ་ཡོད་པའི་ནང་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་14.52འཕར་ཡོད་པ་རེད།

    ཟླ་10པའི་ཟླ་མཇུག་བར། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་འབོར་སྒོར་དུང་ཕྱུར་ཁྲི་437.72ཟིན་པ་དེ་དུས་མཚུངས་ལས་8.5%འཕར་བའི་ནང་དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་267.01ཟིན་ནས་དུས་མཚུངས་ལས་6.3%འཕར་ཡོད།

    དངུལ་བུན་གྱི་གཞི་ཁྱོན་ལུགས་མཐུན་འཕར་བ་དང་ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་14.97སྤར་ཡོད། ཟླ་10པའི་ཟླ་མཇུག་བར། རང་དངུལ་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་274.54ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་270.61ཟིན་པ་དེ་དུས་མཚུངས་ལས་6.5%འཕར་ཡོད། གྲུབ་ཆ་ནས་བལྟས་ཚེ། ཀུན་ཕན་ཕྲན་ཚེགས་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་35.77ཟིན་པ་དེ་དུས་མཚུངས་ལས་11.6%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.97ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།