གོ་ལ་ཧྲིལ་པོ་ནས་ཆེ་ཤོས་ཡིན་པའི“ཧྭ་ལུང་རྟགས་ཅན་ཨང་དང་པོའི”ཉིང་གློག་རྟེན་གཞིའི་འཕྲུལ་ཙུའུ་ཨང་གཉིས་པ་གློག་དྲ་སྦྲེལ་ནས་གློག་ཐོག་མར་གཏོང་འགོ་ཚུགས་པ།

འདི་ནི་ཀྲང་ཀྲོའུ་ཉིང་གློག་རྟེན་གཞི་ཡིན་པ།
གསར་འགོད་པར་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་22ཉིན་གྱི་ཆུ་ཚོད་9དང་སྐར་མ་32ལ། གོ་ལ་ཧྲིལ་པོ་ནས་ཆེ་ཤོས་ཡིན་པའི“ཧྭ་ལུང་རྟགས་ཅན་ཨང་དང་པོའི”ཉིང་གློག་གི་རྟེན་གཞི་སྟེ། ཀྲང་ཀྲོའུ་ཉིང་གློག་འཕྲུལ་ཙུའུ་ཨང་གཉིས་པ་གློག་དྲ་སྦྲེལ་མཐུད་ལེགས་གྲུབ་བྱུང་སྟེ། གློག་དྲར་གློག་ཐོག་མར་གཏོང་འགོ་ཚུགས་ཡོད། གློག་དྲ་སྦྲེལ་ནས་གློག་ཐོག་མར་བཏང་རྗེས། ཀྲང་ཀྲོའུ་ཉིང་གློག་འཕྲུལ་ཙུའུ་གཉིས་པའི་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་པ་དང་ལག་རྩལ་གྱི་སྟོན་གྲངས་ཁག་སྤྱིར་ན་ཇུས་འགོད་ཀྱི་ཚད་གཞི་དང་མཐུན་ཡོད་པ་རེད།
“ཧྭ་ལུང་རྟགས་ཅན་ཨང་དང་པོ”ནི་རང་རྒྱལ་གྱིས་ཞིབ་སྤེལ་དང་ཇུས་འགོད་བྱས་པའི་རང་བརྟེན་ཤེས་རིག་བདག་དབང་ཆ་ཚང་ཡོད་པའི་རབས་གསུམ་པའི་ཆུ་མནོན་སྤུང་གསོག་གི་ཉིང་གློག་གི་གསར་གཏོད་གྲུབ་འབྲས་ཤིག་ཡིན་པ་རེད། ཀྲང་ཀྲོའུ་ཉིང་གློག་རྟེན་གཞིས“ཧྭ་ལུང་རྟགས་ཅན་ཨང་དང་པོའི”ཉིང་གློག་གི་འཕྲུལ་ཙུའུ་6འཆར་འགོད་བྱས་ནས་བསྐྲུན་པ་དང་། མིག་སྔའི་བར་ཀྲང་ཀྲོའུ་ཉིང་གློག་འཕྲུལ་ཙུའུ་དང་པོས་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་88བདེ་འཇགས་དང་བརྟན་པོའི་ངང་བཏང་བ་དང་། འཕྲུལ་ཙུའུ་གཉིས་པ་སྔོན་དཔག་བྱས་ན་ལོ་འདིའི་ནང་ཚོང་ལས་ཐད་སྤྱོད་རྒྱུ་ཡིན་པ། འཕྲུལ་ཙུའུ་གསུམ་པ་དང་བཞི་པ་ཨར་ལས་དང་སྒྲིག་སྦྱོར་གྱི་དུས་མཚམས་སུ་སླེབས་པ། འཕྲུལ་ཙུའུ་ལྔ་པ་དང་དྲུག་པའི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།