དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཉམ་ལས་ཚན་རྩལ་ཁྱབ་གདལ་རྣམ་གྲངས་ཀྱི“ཚན་རིག་གི་བར་མཐོངས་ལ་ལྟ”ཞེས་པའི་འགྲེམས་ཁང་ཕྱི་ཕྱོགས་ལ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-11-25

     ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཚན་རྩལ་ཁྱབ་གདལ་སློབ་གསོར་མཉམ་དུ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་ཚན་རིག་ལག་རྩལ་ཁང་དང་ལྷོ་ཨ་ཧྥེ་རི་ཁའིSci-Bonoཚན་རིག་ལྟེ་གནས་ཀྱིས་མཉམ་དུ་བསྐྲུན་པའི“ཚན་རིག་གི་བར་མཐོངས་ལ་ལྟ”ཞེས་པའི་འགྲེམས་ཁང་ཚེས་21ཉིན་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེ་བ་དང་སྐུ་མགྲོན་དང་ལྟད་མོ་བ་བརྒྱ་ལྷག་ཙམ་ཉམས་ལེན་བྱེད་པར་ཡོང་བ་རེད།

    “ཚན་རིག་གི་བར་མཐོངས་ལ་ལྟ”ཞེས་པའི་འགྲེམས་ཁང་གཡོད་ཧན་ནེ་སི་པའོ་གྲོང་ཁུལ་གྱི་Sci-Bonoཚན་རིག་ལྟེ་གནས་སུ་ཡོད་པ་དང་། ས་བཟུང་སྨི་ངོས་གྲུ་200ཙམ་ཡོད་ཅིང་། དེའི་ནང“བསམ་གཞིག་བྱེད་སྟངས་སྦྱོང་བརྡར”དང་། “མངོན་མིན་རིག་གནས་ཤུལ་བཞག་གི་ཚན་རིག་གི་དབྱངས་རྟ” “VRཉམས་ལེན” “སྟབས་བསྟུན་བརྗེ་སྒྱུར”བཅས་ཁྱད་ལྡན་འགྲེམས་ཁུལ་4བཙུགས་ཡོད། འགྲེམས་ཁང་རྒྱ་ཆེན་པོ་མེད་ཀྱང་ཀྲུང་གོའི་ཚན་རིག་ལག་རྩལ་ཁང་གི་རྩེར་སོན་རྣམ་གྲངས་མང་པོ་དང་། ཕུན་སུམ་ཚོགས་པའི་འགྲེམས་སྟོན་སློབ་གསོའི་ཐོན་ཁུངས། ཚན་རིག་ཁྱབ་གདལ་གྱི་ཉམས་མྱོང་བཅས་འདུས་ཡོད།

    ད་ལོའི་ཟླ་3པར་ཀྲུང་གོ་ཚན་རིག་ལག་རྩལ་ཁང་གིས་Sci-Bonoཚན་རིག་ལྟེ་གནས་དབར་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས“ཚན་རིག་གི་བར་མཐོངས་ལ་ལྟ”ཞེས་པ་མཉམ་གཉེར་བྱ་རྒྱུ་དེ་གྲོས་མཐུན་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། འབྱུང་འགྱུར་ཕྱོགས་གཉིས་པོས་བར་མཐོངས་དེ་སྟེགས་བུར་བྱས་ནས་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་སྟེ་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད་བྱ་བ་དངོས་དེ་བས་མང་བ་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།