མཚོ་སྔོན་གྱི་ཁེ་ལས་17ཐེན་ཅིན་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་སུམ་ཅུ་པར་ཞུགས་པ།
ཉིན་ཤས་གོང་། ཀྲུང་གོའི་ཐེན་ཅིན་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་སུམ་ཅུ་པ་ཐེན་ཅིན་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། སྐབས་འདིའི་ཐེན་ཅིན་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར“འཛད་སྤྱོད་གསར་པ་དང་། རྣམ་པ་གསར་པ། ནུས་པ་གསར་པ། གོ་ལ་ཧྲིལ་པོའི་མཐོང་རྒྱ་ཐེན་ཅིན་དུ་གཅིག་སྡུད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་ཀྱི་ཁེ་ལས་300ལྷག་ཙམ་འགྲེམས་སྟོན་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་གིས་མཉམ་དུ་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཚོགས་པ་17སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ལ་ཞུགས་ཏེ་ཁྱད་ལྡན་ཞིང་འབྲོག་དང་། སྐྱེ་ཁམས་བཟའ་བཅའ། མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ། མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་སོགས་ས་མཐོའི་སྤུས་རྟགས་འགྲེམས་སྟོན་བྱས་པར་བརྟེན། མངོན་གསལ་དོད་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་འགྲན་རྩོད་ནུས་པར་དོ་ཁུར་རྒྱ་ཁྱབ་ཐོབ་ནས་ཉིན་དང་པོར་མཉམ་ལས་ཀྱི་གན་རྒྱ་མང་པོ་བཞག་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་ནང་འཐུས་མི་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི“ས་གནས་བཞིའི”བཀོད་པར་དམ་པོར་དམིགས་ནས། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུར་དམིགས་ཏེ“སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཀྱི་མཚོ་སྔོན་གྱི་མངོན་གསལ་དོད་པའི་སྟོན་ཕྱོགས་གཅིག་སྡུད་ཐོག་མངོན་པར་བྱས་ཤིང་། དེའི་ནང་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་འགྲེམས་ཁུལ་དུ་བཏོན་པའི་གླང་ཚེར་གྱི་རྒྱ་ཁོག་སྨན་སྣར་རང་བྱུང་བཟའ་བཅའི་རྒྱུ་ཆ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་དང་དེ་བཞིན་འཚོ་བཅུད་ཆེ་བར་བརྟེན། བྲིན་ཁ་རྒྱུག་པོ་བྱུང་བ་དེ་ལས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ལ་ཁྲོམ་རའི་གདེང་འཇོག་ཆེན་པོ་ཐོབ་པར་དཔང་པོ་བྱས་ཡོད། ཚགས་ཤའི་ཐོན་རྫས་དང་། འདྲེ་ཚེར་མའི་ཐོན་རྫས། བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་བཅས་ལའང་ཧ་ཅང་དགའ་པོ་བྱེད་པས་ཁེ་ལས་མང་པོ་ཞིག་དང་འདོད་མོས་ཉོ་སྒྲུབ་གན་རྒྱ་བཞག་ཡོད།
འབྲེལ་ཡོད་གསར་འགྱུར།