རྒན་རྒོན་སློབ་ཁང་ནས་ཐོག་མའི་བསམ་འདུན་མངོན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་ཚོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་དང་བླངས་པས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་སྤྱི་ཚོགས་ཡོངས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་ནང་དོན་སོགས་གསོན་ཉམས་དོད་པོས་འགྲེལ་བཤད་བརྒྱབ་པར་རྒན་རྒོན་ཚོས་དགའ་བསུ་ཞུ་བཞིན་པ།
ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲོག་འགྲེལ་བྱ་ཐབས་གསར་གཏོད་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་དང་དམངས་སེམས་ལ་ཟུག་པར་བྱས་ཤིང་། སྒྲོག་འགྲེལ་པས་མང་ཚོགས་ཀྱི་ལྟ་འདོད་ཉན་སྤྲོའི་བྱ་ཐབས་བརྒྱུད། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཏང་གི་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་གཏད་ཀྱི་སྤེལ་རེས་ཁྲོད་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།