དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཉི་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-24

    འདི་ནི་ཉེ་ཆར་ཅང་སུའུ་ཞིང་ཆེན་ཏུང་ཐའེ་གྲོང་ཁྱེར་མཚོ་རྒྱུད་དཔལ་འབྱོར་ཁུལ་དུ་རླུང་ཤུགས་གློག་འདོན་འཕྲུལ་ཚན་དང་འོད་ཤུགས་ཤེལ་ལེབ་གཉིས་ཕན་ཚུན་གཅིག་ལ་གཅིག་འགྲན་ལྟར་གནས་པའི་རྣམ་པ་ཡིན་པ། (སུན་ཅ་ལུའུ་ཡིས་པར་བརྒྱབ)

    ཀྲུང་གོ་ནི་ད་ཆ་གོ་ལ་ཧྲིལ་པོའི་ཉི་གློག་ཐོན་སྐྱེད་རྒྱལ་ཁབ་དང་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། ཤེལ་མང་ཀུལ་ནས་ཐོན་རྫས་སྒྲིག་སྦྱོར་བར། ཀྲུང་གོའི་ཐོན་འབོར་གྱིས་གོ་ལ་ཧྲིལ་པོའི་གྲངས་འབོར་ཤུགས་ཆེན་བཟུང་ཡོད།

    ཀྲུང་གོའི་ཉི་ནུས་ཐོན་ལས་ཀྱིས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་ཅིང་། ཀྲུང་གོའི་ཉི་ནུས་སྲིད་ཇུས་དེ་ལོ་ལྔ་ཚན་མང་པོའི་ནང་གཅིག་མཐུན་རྒྱུན་འཁྱོངས་བྱས་ཏེ་མ་རྩ་འཇོག་མཁན་ལ་བློས་འགེལ་ཆོག་པའི་རྒྱང་ལྟའི་རང་བཞིན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག ཀྲུང་གོས་ཉི་ནུས་ཉེར་སྤྱོད་དེ་ཐོན་ལས་སྲིད་ཇུས་ཤིག་ཏུ་བརྩི་བ་ལས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཁོ་ནར་བརྩི་ཡི་མེད། ཀྲུང་གོས་ཉི་ནུས་ཐོན་རྫས་རང་ས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱས་ནས་ལས་ཞུགས་འབོར་ཆེན་བཏོད་པ་མ་ཟད། སྒྲིག་ཆས་ཀྱི་རིན་གོང་ཡང་དམའ་རུ་བཏང་ཡོད།

    ཀྲུང་གོའི་ཉི་ནུས་ཐོན་ལས་ཀྱི་འཕོ་འགྱུར་ལས་དོ་དམ་ཚད་ལྡན་དང་། གཞི་ཁྱོན་གྱི་ཕན་ནུས། ཕུགས་ཀྱི་མིག་རྒྱང་བཅས་ཀྱིས་རྒྱལ་ཁབ་ཅིག་གི་ནུས་རྒྱུའི་མ་ལག་བསྐྱར་དུ་གཏོད་ཐུབ་པ་དང་དེའི་ནང་གི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་པ་མཚོན་ཡོད།

    —— ཕ་ཁི་སི་ཐན་གྱི《ཚོང་ལས་ཟིན་ཐོའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།