དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་བཀོད་པ་མཉམ་དུ་གཏོད་དགོས།

    ཧུའུ་ཨན·ཁཱ་ལུའོ་སི·ཁཱ་ཕུའུ་ནཱ་དབྱི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-24

    ཧུའུ་ཨན·ཁཱ་ལུའོ་སི·ཁཱ་ཕུའུ་ནཱ་དབྱི།

    ཀྲུང་གོས་མུ་མཐུད་བྱ་སྤྱོད་དངོས་ལ་བརྟེན་ནས་མཉམ་སྦྲེལ་མཉམ་མཐུད་འདེགས་སྐྱོར་དུ་བྱེད་པ་དང་ཐུན་མོང་འཕེལ་རྒྱས་དམིགས་ཚད་དུ་བྱེད་པའི་སྒོ་དབྱེའི་བཀོད་པ་གཏོད་པར་སྣེ་ཁྲིད་དང་ས་ཁུལ་ཕྱོགས་ཁག་གིས་མཉམ་ལས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་དང་གཉིས་ཕན་ལ་བརྟེན་ནས་དཀའ་གནད་ལས་སྒྲོལ་བའི་དགེ་མཚན་ལྡན་པའི་རྣམ་པ་གཏོད་པར་སྐུལ་འདེད་བཏང་བ་མཐོང་ཐུབ།

    ལོ་ངོ་30ལྷག་ཙམ་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྩ་འཛུགས་ཀྱིས་ཚོང་དོན་རང་མོས་ཅན་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དུ་མཉམ་ལས་ཀྱི་སྦྲེལ་ཟམ་བཙུགས་ཤིང་། ད་ཆ། སྲུང་སྐྱོང་རིང་ལུགས་བསྐྱར་ལོག་དང་གོ་ལ་ཅན་ལས་ལྡོག་པའི་ཕྱོགས་ལྷུང་ལ་དམིགས་ནས་ལམ་སྲོལ་དེས་སྒོ་དབྱེའི་རིན་ཐང་བསྐྱར་བསྒྲགས་དང་། རྒྱལ་སྤྱིའི་ཐོག་གི་ཡིད་ཆེས་བྱེད་རེས་བསྐྱར་འཛུགས། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱ་རྒྱུར་རེ་བ་གསར་པ་བཅོལ་ཡོད། དེར་བརྟེན། ཕྱོགས་ཁག་གིས་ཀྱང་ད་ཐེངས་ཚོགས་འདུའི་གྲོས་གཞི་གལ་ཆེན་རབ་དང་རིམ་པར་གྲུབ་འབྲས་ཐོབ་ནས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་བསྣན་ཏེ་མདུན་སྐྱོད་ཀྱི་བློ་སྟོབས་འཕེལ་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཁྲོད་དུ་ཀྲུང་གོའི་འདུ་ཤེས་དང་ལག་ལེན་ལས་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བའི་བློ་སེམས་འགུགས་ཤུགས་མངོན་བཞིན་ཡོད། ན་ནིང་གི་ལི་མ་ཡི་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ངོ་མཚར”གྲུབ་འབྲས་ཀྱི་འབྱུང་རྩར་ཕྱོགས་སྡོམ་གནང་ནས། ཕྱོགས་ཁག་གིས་སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱི་བཀོད་པ་གཏོད་པ་དང་། ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕར་ནུས་སྐྱེད་སྲིང་། ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་སྣོན་དགོས་པའི་རེ་འབོད་གནང་ཡོད།

    ཉིན་ཤས་གོང་དུ་རྒྱལ་ཁའི་ངང་གྲོལ་བའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་དེ་རྒྱལ་མཚམས་སྒྲོལ་ནས་འཛམ་གླིང་གིས་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་ཕྱོགས་ལ་ལྟ་བའི་ཕྱོགས་སྟོན་གལ་ཆེན་དུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བར་ཀྲུང་གོས་དེ་བས་སྒོ་དབྱེའི་བློ་རྒྱར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྤུས་ལེགས་ཀྱི་སྤྱི་པའི་ཐོན་རྫས་མཁོ་འདོན་རྒྱུན་མཐུད་བྱས་ཡོད། གྲོས་འགོ་འདི་དག་གིས་འདྲ་མཉམ་དང་། གཉིས་ཁེ། གཉིས་ཕན་བཅས་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། རང་བརྟེན་འཕེལ་རྒྱས་ཁྲོད་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཚར་ལོངས་ཀྱི་བར་མཐོངས་ཆེ་རུ་གཏོང་བར་རམ་འདེགས་བྱས་ཡོད། “མཉམ་ལས་ཀྱིས་བཀོལ་སྤྱོད་ཀྱི་ཚབ་བྱེད་པའི” མཐུན་རྐྱེན་སྦྱོར་བའི་འདུ་ཤེས་དེ་རིགས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་ཐ་ན་དེང་སྐབས་འཛམ་གླིང་ཐོག་མཐོང་དཀོན་པའི་བློ་གྲོས་ཤིག་རེད།

    (རྩོམ་པ་པོ་ཀྲུང་གོར་བཅའ་སྡོད་ཕེ་རུའི་གཞུང་ཚབ་ཆེ་མོ་བ་ཟུར་པ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།