མཚོ་ཐོག་རླུང་གློག་གིས་ཀྲུང་གོའི་མཚོ་རྒྱུད་དུ་ཐཱན་འདོར་མགྱོགས་སུ་གཏོང་རྒྱུར་རམ་འདེགས་བྱེད་པ།

འདི་ནི་ཧྲན་ཏུང་ཏུང་ཡིང་གྲུ་ཁའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་པོ་ཧའེ་རྒྱ་མཚོའི་དབུས་རྒྱུད་ཀྱི་མཚོ་ཐོག་རླུང་གློག་ར་བའི“རླུང་འཁོར་ཆེན་པོ”གང་སར་ཁྱབ་ནས“ནུས་རྒྱུ་གཙང་མའི་གློག”རྒྱུན་ཆད་མེད་པར་གཏོང་བཞིན་ཡོད་པ། (ཀྲོའུ་ཀོང་ཞུའེ་ཡིས་པར་བརྒྱབ)
ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་གྱི་རྨ་ཆུའི་ཟུར་གསུམ་གླིང་གི་མཚོ་ཁའི་འགྲམ་དུ་ཐོག་སོ་50ལྷག་ཙམ་ཟིན་པའི“རླུང་འཁོར་ཆེན་པོ”ཞིག་མུ་མཐའ་མེད་པའི་གྲམ་ཐང་དུ་ཀྲོང་ངེར་གནས་ཤིང་། དེ་ནི་མིག་སྔར་གོ་ལ་ཧྲིལ་པོའི་ཀྲའོ་ཝ་26རིམ་པའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་མཚོ་ཐོག་རླུང་གློག་འཕྲུལ་ཚན་ཞིག་རེད།
འཕྲུལ་ཚན་དེ་དྲ་བར་བརྟེན་ནས་འཁོར་རྒྱུག་བྱས་རྗེས། རླུང་གཤོག་སྐོར་བ་གཅིག་བསྐོར་ཚེ་གློག་ཏུའུ་62གཏོང་ཐུབ་པས། ལོ་གཅིག་གི་གློག་འདོན་ཚད་ཀྱིས་ཁྱིམ་ཚང་ཁྲི་5.5ལ་ལོ་ཧྲིལ་པོར་གློག་འདང་ངེས་གཏོང་ཐུབ་ཀྱི་ཡོད།
མཚོ་ཐོག་རླུང་གློག་གིས་སྐམ་སའི་ཐོན་ཁུངས་གང་ཡང་མི་བཟུང་བ་མ་ཟད། རླུང་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་དུས་མཚུངས་མ་གནས་དམའ་ལ་བདེ་འཇགས་ལྡན་པའི་ནུས་རྒྱུ་ཞིག་ཀྱང་རེད།
གོ་ལ་ཧྲིལ་པོའི་ནུས་རྒྱུ་ལྟ་ཞིབ་ཚད་ལེན་རྩ་འཛུགས་ཀྱི་གྲངས་གཞི་གཞིར་བཟུང་། རིམ་རྩིས་བརྒྱབ་ན་ཀྲུང་གོའི་མཚོ་ཐོག་རླུང་གློག་གི་གློག་འདོན་ཚད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཤིང་། ན་ནིང་ཀྲུང་གོའི་གསར་དུ་འཕར་བའི་མཚོ་ཐོག་རླུང་གློག་གི་གློག་འདོན་ཚད་ཆན་ཝ་ཁྲི་440ཟིན་པ་དེས་ལོ་དེའི་གོ་ལ་ཧྲིལ་པོའི་གསར་དུ་འཕར་བའི་གློག་འདོན་ཚད་ཀྱི་55%ཧ་ལམ་ཟིན་ཡོད།
—— སིང་ཀ་ཕོར་གྱི《མཉམ་འབྲེལ་ཞོགས་པའི་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།