གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་གླེང་སྟེགས་པེ་ཅིང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་གླེང་སྟེགས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་གླེང་སྟེགས་གཙོ་བོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས། དེང་རབས་ཅན་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ཡིན་པ་དང་། དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་ཐུན་མོང་གི་རེ་འདུན་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཞིག་ཡིན་ཞེས་བསྟན་གནང་བ་དང་སྦྲགས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་ནན་བཤད་ཀྱང་གནང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་འཆར་གཞི་ཡང་བཀོད་པས། འབྱུང་འགྱུར་གྱི་ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་དེ་བས་མང་བ་མཁོ་འདོན་བྱེད་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་དེང་རབས་ཅན་གྱི་རྣམ་པ་གསར་པ་མངོན་པ་དེ་ནི་འཛམ་གླིང་གི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།