རང་རྒྱལ་གྱིས་ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་གཏེར་རི་5100ལྷག་ཙམ་བསྐྲུན་པ།
ཉེ་ཆར། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་འཕེལ་རྒྱས་གང་ལེགས་བྱུང་ནས་ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་གཏེར་རི་5100ལྷག་ཙམ་བསྐྲུན་ཟིན་ཞིང་། གཏེར་ཁའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་དང་། སྐྱེ་ཁམས་ཉམས་གསོ། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སོགས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་རྒྱལ་གྱིས་ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་གཏེར་རི་300ལྷག་ཙམ་གསར་དུ་བསྐྲུན་ཞིང་། མིག་སྔའི་བར། རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རི་1054དང་ཞིང་ཆེན་རིམ་པའི་ལྗང་མདོག་གཏེར་རི་4055བསྐྲུན་པ་དེས་ལག་ཁྱེར་ཡོད་པའི་ཐོན་སྐྱེད་བྱེད་བཞིན་པའི་གཏེར་རིའི་40.8%བཟུང་ཡོད། ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། རང་རྒྱལ་གྱིས་ནུས་རྒྱུའི་ཐོན་ཁུངས་རྟེན་གཞི་དང་རྒྱལ་ཁབ་ཀྱི་འཆར་འགོད་གཏེར་ཁུལ་འབོར་ཆེན་བསྐྲུན་ཏེ། ཐོན་ཁུངས་གསར་སྤེལ་དེ་བས་ལེགས་བསྡུས་ཅན་དང་གཞི་ཁྱོན་ཅན་ལ་སྐུལ་འདེད་བཏང་ཞིང་། རྒྱལ་ཡོངས་ཀྱི་གཏེར་རི་ཆེ་གྲས་དང་འབྲིང་གྲས་ཀྱི་གྲངས་འབོར་ནང་བཟུང་ཚད་50%ལས་བརྒལ་བ་དང་། ཐོན་ནུས་ནང་བཟུང་ཚད་80%ལས་བརྒལ་བ། བཟོ་རྩལ་གྱི་ལག་རྩལ་དང་སྒྲིག་ཆས་རྒྱུན་ཆད་མེད་པར་གསར་གཏོད་བྱུང་བ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཅས་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།