དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཞིང་འབྲེལ་ཁེ་ལས་ཀྱི་གསར་གཏོད་སྟོན་གྲངས་ལོ་6བསྟུད་མར་བརྟན་པོའི་ངང་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-24

    གསར་འགོད་པར་ཀྲུང་གོ་ཞིང་ལས་སློབ་ཚོགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཞིང་འབྲེལ་ཁེ་ལས་ཀྱི་གསར་གཏོད་སྟོན་གྲངས་ལོ་6བསྟུད་མར་བརྟན་པོའི་ངང་འཕར་ནས་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་། ཀྲུང་གོ་ཞིང་ལས་ཚན་རྩལ་དཔྱད་རྩོམ་དང་ཁེ་བེད་བདག་ཐོབ་ཐོན་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཏེ། ན་ནིང་དཔྱད་རྩོམ་སྤེལ་ཚད་ཁྲི་8.82ཟིན་པའི་ནང་དཔྱད་རྩོམ་1457སྤྱོད་ཚད་མཐོ་པོ་བྱུང་བ་དང་། འགག་རྩའི་སྟོན་གྲངས་གཉིས་ཀ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། ན་ནིང་ཀྲུང་གོ་ཞིང་ལས་ཁྱབ་ཁོངས་ཀྱིས་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཁྲི་13.87ལྷག་ཙམ་ཟིན་ནས་གཞི་ཁྱོན་མུ་མཐུད་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།

    ཉིན་ཤས་གོང་། ཀྲུང་གོ་དེང་རབས་ཞིང་ལས་འཕེལ་རྒྱས་གླེང་སྟེགས་སྐབས་བཅུ་གཉིས་པ་དང་2025ལོའི་ཀྲུང་གོ་ཞིང་ལས་སློབ་ཚོགས་ཀྱི་ལོ་ཚོགས་ཀྲེ་ཅང་སློབ་ཆེན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2025ལོའི་ཀྲུང་གོའི་ཞིང་ལས་ཀྱི་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། རྣམ་པ་གསར་པ་བཅས་གལ་ཆེན་ཁྱབ་བསྒྲགས་བྱས་པར་ཁྱོན་གྲུབ་འབྲས་ཁག་95བདམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།