དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གིས་ཚན་རིག་རྟོག་ཞིབ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་འདུས་གྲུབ་གྲུབ་འབྲས་ཁག་མང་པོ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-24

    ཉེ་ཆར། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རིག་རྟོག་ཞིབ་ཁྱབ་ཁྱོངས་ཀྱི་ཕྱོགས་བསྡུས་འདུས་གྲུབ་གྲུབ་འབྲས་ཁག་མང་པོ་ཡོངས་བསྒྲགས་བྱས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚན་རིག་རྟོག་ཞིབ་རུ་ཁག་གི་ཁོངས་མིས“སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”དང་། “མཚོ་བོད་ས་མཐོའི་འབུར་ཐོན་ཁོར་ཡུག་ཕན་འབྲས་ཀྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“སྐྱེ་ཁམས་མ་ལག་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་ནུས་པ་དང་བཟང་སྒྲིག་གི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“འཐབ་ཇུས་ཐོན་ཁུངས་ཀྱི་ནུས་རྒྱུའི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“མིའི་རིགས་ཀྱི་བྱེད་སྒོ་དང་འཚོ་གནས་ཁོར་ཡུག་བདེ་འཇགས་ཀྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“ས་ཁོངས་ལྗང་མདོག་འཕེལ་རྒྱས་ཐབས་ལམ་གྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“ནུབ་རླུང་དང་དུས་རླུང་གི་རོགས་ལས་ནུས་པ་དང་ཤུགས་རྐྱེན་གྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་བབ་བསྟུན་འགྱུར་ལྡོག་དང་ཤུགས་རྐྱེན་གྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“ས་མཐོའི་སྐྱེ་འཚར་དང་རིམ་འགྱུར་གྱི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”“ས་གཤིས་ཁོར་ཡུག་དང་གནོད་འཚེའི་ཚན་རིག་རྟོག་ཞིབ་ཉེར་སྤྱོད་གྲུབ་འབྲས”སོགས་ཐད་འགག་རྩའི་ཁྱབ་ཁོངས་ཀྱི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་གསལ་འགྲེལ་ཞིབ་ཚགས་བྱས་པ་དང་། གྲུབ་འབྲས་དེ་དག་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་མཚོན་རྟགས་རང་བཞིན་གྱི་ཚན་རིག་དང་མཐུན་པའི་འདུ་འགོད་ཀྱི་གྲུབ་ཚུལ་ལ་འདེགས་སྐྱོར་བྱས་པ་རེད།

    གོམ་སྟབས་རྗེས་མར། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་རྒྱུན་མཐུད་ལག་ལེན་བསྟར་ཏེ། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འདེགས་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ། སའི་གོ་ལའི་མ་ལག་གི་ཚན་རིག་དང་མཐུན་པའི་མཐོ་ས་བཟུང་བ་བཅས་བྱ་རྒྱུ་དང“འཛམ་གླིང་གི་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”བསྲུངས་ནས་2035ལོའི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་བར་ཚན་རྩལ་གྱི་འགན་ལེན་བརྟན་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།