བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པ་གསོ་སྐྱོང་དང་དཔེ་སྟོན་སྣེ་ཁྲིད་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ལས་དོན་གྱི་ཤེས་ལྡན་པ་གསོ་སྐྱོང་དང་དཔེ་སྟོན་སྣེ་ཁྲིད་ཐད་གྲུབ་འབྲས་གསར་པ་ཐོབ་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྒུལ་ཤུགས་མུ་མཐུད་བསྣན་ཡོད།
རྒྱུན་འཛིན་གསོ་སྦྱོང་ཐད་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། 2024ལོ་དང་2025ལོར་ལྗོངས་ཡོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལས་སྒོའི་རྐང་འཛིན་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྟུད་མར་གཉེར་ཏེ། གསོ་སྦྱོང་འཛིན་གྲྭར་སློབ་མ་141དང་དྲ་ཐོག་ནས་སློབ་མ་1120ལ་གསོ་སྦྱོང་བྱས་པར་བརྟེན་མངོན་མིན་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
དཔེ་སྟོན་སྣེ་ཁྲིད་ཐད་བོད་ཀྱིས་དཔེ་མཚོན་གཏོད་པ་དང་དཔེ་སྟོན་གནས་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཚན་པ་3ལ“རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་གི་ལས་དོན་པ་6ལ“རྒྱལ་ཡོངས་ཀྱི་མངོན་མིན་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པས་གཞི་རིམ་གྱི་ཚན་པ་དང་རྒྱུན་འཛིན་པའི་དགེ་མཚན་ལྡན་པའི་ལག་ལེན་དང་དཔེ་སྟོན་གྱི་ནུས་པ་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།