དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཉི་འོད་བོད་ཡིག”དཔེ་དབྱིབས་ཆེ་མོའི་གྲུབ་འབྲས་འགྲེམ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-24

    ཉིན་ཤས་གོང་། རྒྱལ་ནང་གི་བོད་ཡིག་ཁོར་ཡུག་ལ་ཕྱོགས་པའི་ཞུགས་གྲངས་ཁྲག་ཁྲིག་ལྡན་པའི་བོད་ཡིག་རྨང་སྟེགས་དཔེ་དབྱིབས་ཆེ་མོ་ཐོག་མ་སྟེ“ཉི་འོད་བོད་ཡིག”V1.0ཡི་གྲུབ་འབྲས་འགྲེམ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། དཔེ་དབྱིབས་ཆེ་མོ་དེ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་ཀྱི་དཔུང་ཁག་དང་པེ་ཅིང་ཀྲི་ཕུའུ་ཧྭ་ཀྲང་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པ་ཞིག་རེད། མིག་སྔར། ཞིབ་འཇུག་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཐོ་འགོད་ལས་དོན་སྤེལ་བཞིན་ཡོད་པ་དང་། ཐོ་འགོད་ལེགས་གྲུབ་བྱུང་རྗེས་དྲ་ཐོག་ཏུ་དངོས་སུ་འདོན་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།