རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྟོད་ལུང་བདེ་ཆེན་ཆུས་སུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་སྟོད་ལུང་བདེ་ཆེན་ཆུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། སྟོད་ལུང་བདེ་ཆེན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། གདོང་དཀར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཉི་མ་ཆུང་ཆུང་བུ་བཅོལ་ཁང་འཚར་ལོངས་ལྟེ་གནས། བོད་ལྗོངས་སྐར་མའི་གོ་ལ་ཉམས་ལེན་ཁང་བཅས་སུ་སྔ་རྗེས་སུ་ཕེབས་ནས། དམངས་ཡོངས་ལུས་སྦྱོང་གི་གཟུགས་པོ་བརྟག་དཔྱད་དང་། བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ། བུ་བཅོལ་སྒྲིག་གཞི་འཁོར་རྒྱུག འབྲེལ་ཟབ་རྣམ་པའི་སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་དང་དེ་བཞིན་ཚན་རིག་ཁྱབ་གདལ་ལས་དོན་སྤེལ་ཚུལ་སོགས་ཀྱི་གནས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་རེད།
ལུའོ་མེ་དང་བཅས་པས་བརྟག་ཞིབ་ས་ཚིགས་སོ་སོར་གཞི་རིམ་ལས་དོན་པ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ། ལས་དོན་ཁག་ལ་སྐུལ་འདེད་གཏོང་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། བུ་གསོའི་ཁ་གསབ་སྲིད་ཇུས་ནི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་དམངས་འཚོའི་དོན་དངོས་ཡིན་པས། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་ནས་ཁ་གསབ་མ་དངུལ་ཚད་ལྡན་རེ་ཞུའི་གོ་རིམ་ཧྲིལ་པོའི་བར་གནད་སྨིན་དང་། དུས་ཐོག གནད་འཁེལ་བཅས་ཡོང་བར་བྱེད་དགོས་པ་དང་། འབྲེལ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་གང་མགྱོགས་འཛུགས་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས། མང་ཚོགས་ལ་ཐག་ཉེ་ས་དང་སྟབས་བདེ་སར་དེ་བས་དྲང་གཞག་རྒྱུན་མཐུད་ཀྱི་བདེ་ཐང་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།