ཏང་དར་གྱིས་ལམ་སྣེ་ལེགས་པར་ཁྲིད། གསར་དར་ཁྱབ་ཁོངས་ཀྱི་ལེའུ་གསར་རྩོམ།
—— ལྷ་ས་གྲོང་ཁྱེར་གྱིས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།
གངས་ལྗོངས་ས་མཐོའི་ས་གཞི་ཆེན་པོར་དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཆར་རྗེས་ཀྱི་མྱུ་གུ་འབུད་པ་ལྟར་འཕེལ་རྒྱས་མྱུར་པོ་ཕྱིན་ནས་ལྷ་སའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་ཡོད།
རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ཕན་ནུས་ལྡན་པའི་སྒོ་ནས་ཁྱབ་པར་བྱས་པ།
གསར་དར་ཁྱབ་ཁོངས་ཀྱི་རྩ་འཛུགས་ཀྱི་རྣམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། འཁོར་རྒྱུག་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་གྱིས“ཁག་གཉིས་ལེབ་བཤེར”གྱི་བྱེད་ཐབས་གསར་གཏོད་ངང་སྤྱད་ནས། ཕྱོགས་གཅིག་ནས་ཁྲོམ་གཞུང་སྡེ་ཁུལ་དང་གླིང་ཁུལ་གྱི་ཐོག་ཁང་ལ་བརྟེན་ནས་ལས་རིགས་དང་། ཁྱབ་ཁོངས། རིམ་པ་བཅས་ཕྱེ་སྟེ་འོག་ནས་གོང་བར་ལེབ་བཤེར་བསྡོམས་རྩིས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཁྲལ་དོན་དང་། ཁྲོམ་ར་ལྟ་འདོམས། དམངས་སྲིད་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཆ་འཕྲིན་གྱི་གྲངས་གཞི་མཉམ་སྤྱོད་དང་རིགས་དབྱེ་ནས་བསྡུར་བ་ཞིབ་དཔྱད་བྱས་ནས་ཆ་འཕྲིན་འཚོལ་བཤེར་གྱི་དཀའ་གནད་ནུས་ལྡན་བསལ་ཡོད།
གནད་སྨིན་གྲལ་བཤེར་བྱས་པའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་ས་ཁོངས་དང་། གཙོ་གནད་ལས་རིགས། གཙོ་གནད་ཚོགས་སྤྱི་བཅས་ལ་དམ་པོར་དམིགས་ཏེ། “ཁྱབ་པ་གཉིས”ཀྱི་གཅིག་སྡུད་འགག་སྒྲོལ་མུ་མཐུད་བྱས་པ་དང་། ཁེར་རྐྱང་འཛུགས་སྐྱོང་དང་། མཉམ་དུ་འཛུགས་སྐྱོང་། ཡུག་གཅིག་མཉམ་སྐྲུན། ལས་རིགས་ཁོངས་གཏོགས་འཛུགས་སྐྲུན། དགའ་ཕྱོགས་མཉམ་གཏོད་སོགས་སྟབས་བསྟུན་དང་སྣ་མང་གི་བྱ་ཐབས་བརྒྱུད་ཏང་རྩ་འཛུགས་འཛུགས་དགོས་རིགས་གང་ལེགས་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད།
རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་ལྟེ་གནས་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ།
ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཚན་རྩལ་ཅན་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཤིག་གི་ཏང་ཡོན་བྱེད་སྒོ་ཁང་དུ“ལག་རྩལ་འགག་སྒྲོལ་གྱི་གདོང་ལེན་པ་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། ཏང་ཡོན་ལག་རྩལ་རྐང་འཛིན་པ་ཚོས་ཞིབ་འཇུག་གསར་སྤེལ་ཐོན་རྫས་གསར་པའི་ནུས་པ་ལེགས་སུ་གཏོང་བའི་ཐད་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཁུལ་ཡོངས་ཡུལ་སྐོར་གྱི་ཡུལ་སྐོར་ལྷན་སྦྱར་འཕེལ་རྒྱས་ཆེན་པོའི་འཐབ་ཇུས་དང་ཐོན་རྫས་རིན་ཐང་དུང་ཕྱུར་སྟོང་གི་འགག་སྒྲོལ་བྱ་སྤྱོད་སོགས་ལྟེ་བའི་ལས་དོན་ལག་བསྟར་བྱ་རྒྱུར་དམིགས་ནས། གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ལ་ཏང་ཡོན་དཔེ་སྟོན་ལས་གནས་དང་འགན་འཁྲིའི་ཁུལ་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་ཡོན་སྒྲིག་འཛུགས་ཀྱིས་ལག་རྩལ་གྱི་འགག་སྒྲོལ་དང་། ཐོན་སྐྱེད་གསར་གཏོད། དོ་དམ་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།
བསྡོམས་རྩིས་བྱས་པ་ལྟར་ན། 2024ལོར། ལྷ་ས་གྲོང་ཁྱེར་གྱི་གསར་དར་ཁྱབ་ཁོངས་ཀྱིས་ཁྲལ་བསྡུར་ལེགས་སྐྱེས་ཕུལ་ཚད་དང་ལས་ཞུགས་ལ་ལེགས་སྐྱེས་ཕུལ་ཚད་ཚང་མ་90%ཡན་ཟིན་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱེད་རིང་། ལྷ་ས་གྲོང་ཁྱེར་གྱི་གསར་དར་ཁྱབ་ཁོངས་སུ་བྱས་རྗེས་གསར་པ་མངོན་ཞིང་། ལྷ་ས་གྲོང་ཁྱེར་གྱི་གསར་གཉིས་རྩ་འཛུགས་ཀྱིས་འཆམ་མཐུན་ངལ་རྩོལ་འབྲེལ་བ་འཛུགས་སྐྱོང་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། “རིམ་ཆད་སྤྲོད་འགྱངས”སོགས་ཆེད་དོན་ཡིག་འབུལ་ཞུ་བཅར་གྱི་འགལ་བ་གྲལ་བཤེར་བྱས་ནས་ལས་བཟོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པ་རེད།
འདེགས་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཕུགས་ཕན་ལམ་སྲོལ་བཙུགས་པ།
ལམ་སྲོལ་འཐུས་ཚང་ནི་ལས་ཀ་རྒྱུན་མཐུད་ཟབ་ཏུ་གཏོང་བའི་འགག་རྩ་ཡིན། ལྷ་ས་གྲོང་ཁྱེར་གྱིས་དོན་དངོས་དང་མཐུན་ལ་འཁོར་སྐྱོད་ནུས་ཆེའི་ཞབས་ཞུའི་འགན་སྲུང་མ་ལག་ཧུར་ཐག་བསྐྲུན་ནས་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་སྦྱིན་ཡོད།
འགན་འཁྲི་དོན་འཁྱོལ་ལམ་སྲོལ་བཟོ་བ་ནི་ལྷུ་ཚིགས་གཙོ་བོ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས“ཁོངས་ཁུལ་ཟུང་འབྲེལ་དང་། གཞོགས་འདེགས་ཤུགས་འདོན”གྱི་ལས་ཀའི་མ་ལག་བཙུགས་ཤིང་། གྲོང་ཁྱེར་ཨུ་ལྷན་གྱི་གསར་གཉིས་ལས་དོན་ཨུ་ལྷན་སྤྱི་འདོམས་མཐུན་སྦྱོར་གྱི་འགན་འཁྲི་དང་། ལས་རིགས་གཙོ་གཉེར་སྡེ་ཚན་གྱི“ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་དོ་དམ་བྱེད་དགོས”པའི་འགན་འཁྲི། དེ་བཞིན་ཁོངས་གཏོགས་ས་ཆའི་ཐ་སྐྱོང་དོ་དམ་གྱི་འགན་འཁྲི་བཅས་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། འགན་འཁྲིའི་གསལ་ཐོ་བཟོས་པ་དང་ལས་རིགས་ཁག་གི་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོས་པ་བརྒྱུད་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་མཉམ་ཤུགས་ཤིག་ཆགས་ཡོད།
འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་གྱིས་པུའུ་དོན་ཚོགས་འདུའི་ཚན་ཁག་གི“གཅིག་རེ་ལྔའི”འབྲེལ་གཏུག་ཞབས་ཞུའི་ལས་ཀའི་ལམ་སྲོལ་ཏེ། ཚན་ཁག་གི་ཁོངས་མི་རེ་རེས་རྩ་འཛུགས་གསར་པ་གཉིས་དང་། ལས་ཞུགས་ཚོགས་པ་གསར་པ་གཅིག གཞི་རིམ་བཅོས་སྐྱོང་གི་འབྲེལ་གཏུག་ས་ཚིགས་གཅིག དང་བླངས་ཞབས་ཞུའི་རྩ་འཛུགས་གཅིག མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་ཞིབ་འཇུག་བྱ་གཞི་གཅིག་བཅས་ལ་གཏན་འཇགས་ངང་འབྲེལ་གཏུག་བྱེད་སྟངས་འཚོལ་ཞིབ་བྱས་ནས་བཟོས་པ་རེད།
གྲོན་དངུལ་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནི་རྨང་གཞིའི་འདེགས་སྐྱོར་ཡིན། ལྷ་ས་གྲོང་ཁྱེར་གྱིས་ཏང་དངུལ་ཕྱིར་སློག་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཏང་འཛུགས་སྐྱོང་གི་ཆེད་དོན་གྲོན་དངུལ་གྲངས་འབོར་འདང་ངེས་གཏོང་སྤྲོད་བྱས་ཤིང་། གྲོན་དངུལ་དེ་དག་ངེས་པར་དུ་ཏང་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་གྱི་སློབ་གསོའི་གསོ་སྦྱོང་། ཏང་འཛུགས་སྐྱོང་གི་གཡུལ་ས་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།