དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-24

     ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེན་པོས་ཁ་ཕྱོགས་གཏན་འཁེལ་དང་དངོས་སྒྲུབ་ཀྱི་བྱ་སྤྱོད་དང་བྱེད་ཐབས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཤིང་། ཚང་མས། ཚང་འཛོམས་གྲོས་ཚོགས་དགོངས་དོན་གྱི་དོན་སྙིང་གཙོ་བོར་གོ་བ་གཏིང་ཟབ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་དེ་ཉིད་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་རྩ་འཛུགས་པུའུ(ལས་ཁུངས་ཏང་ཨུད)དང་འགྲོ་གྲོན་ཞིབ་བཤེར་གཞུང་ལས་ཁང་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཅིག་སྡུད་ཐོག་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚང་མས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་ཀའི་འགན་འཁྲི་དང་མཉམ་འདྲེས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ལས་ཁུངས་ཏང་འཛུགས་སྐྱོང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ནུས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བཟོ་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བཤད། 

    གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་པའི་སྡེ་ཚོགས་ཀྲུང་དབྱང་གཞོན་ནུ་འཆད་ཁྲིད་དགེ་རྒན་ཚོགས་པས་ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དཔེ་སྟོན་སྒྲོག་འགྲེལ་བྱས་ཤིང་། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་ཁག་ནས་ཡོང་བའི་གཞོན་ནུ་འཆད་ཁྲིད་དགེ་རྒན་6གིས“གཞོན་ནུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་གཞིགས་ནས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། དམངས་འཚོའི་ཞབས་ཞུ། ལྗང་མདོག་འཕེལ་རྒྱས། རྒྱལ་ཁབ་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གཞོན་ནུའི་ལྟ་ཕྱོགས་དང་། ཉེ་འགྲམ་གྱི་གཏམ་རྒྱུད། གསོན་ཉམས་དོད་པའི་སྐད་ཆ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅོ་ལྔ་པའི”དོན་སྙིང་གལ་ཆེན་ལ་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་རེད།

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་ལྷན་དུ་བཅའ་སྡོད་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་རུ་ཁག་གིས་སྐོར་སྐྱོད་སྒྲོག་འགྲེལ་ཡན་ལག་རུ་ཆུང་བཙུགས་ནས་དྲིལ་བསྒྲགས་དཔྱད་གཞི་སྤྲོད་བཞིན་གྲོང་ཚོ་དང་ཁྱིམ་ཚང་དུ་སྒྲོག་འགྲེལ་བྱས་ཤིང་། ཡུལ་མིས་དོ་ཁུར་བྱེད་པའི་ས་ཞིང་འགན་གཙང་ལེན་པ་དང་། མཐའ་མཚམས་ཡུལ་མིའི་ཁ་གསབ། ཞིང་ལས་ཁ་གསབ། རྒན་གསོའི་སྨན་བཅོས་སོགས་དམངས་འཚོའི་སྲིད་ཇུས་ལ་དམིགས་ཏེ་མང་ཚོགས་དང་འབྲེལ་འདྲིས་དང་། གོ་སླ་བ། བློ་ལ་འཇགས་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་དམངས་ཕན་སྲིད་ཇུས་ཁག་སྒྲོག་འགྲེལ་བྱས་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅིང་། དེའི་ཐད་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཚེ་རིང་ཟླ་བས“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ལྷོ་ཁའི་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཀོད་དེ། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་འགན་ཁག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།