དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གླུ་ལེན་གར་འཁྲབ་བྱས། ཀོང་པོའི་ལོ་གསར་སྐྱིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-24

    འདི་ནི་འཁྲབ་སྟོན་པས《ཀ་ལ་གྲོང་ཚོའི་དགོད་སྒྲ》ཞེས་པའི་ལེ་ཚན་འཁྲབ་བཞིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་འཁྲབ་སྟོན་པས་ཡུལ་སྐོར་བར་མཆོད་ཆང་འགྱོག་བཞིན་པ།

    ཟླ་11ཚེས་21ཉིན(ཀོང་པོའི་ལོ་གསར་གྱི་ཚེས་གཅིག་ཡིན) ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞེན་ཆགས་གཞིས་ཀར“ཀོང་པོའི་ལོ་ངོ་སྟོང་གི་དབྱངས་རྟ་འཛིན། མི་རིགས་མཐུན་སྒྲིལ་བརྩེ་བ་འོ་ཆུ་འདྲེས”—— བྲག་ཡིབ་ཆུས་ཀྱི་2026ལོའི“མངོན་མིན་རིག་གནས་ཤུལ་བཞག་སྐོར་གྱི་ལོ་གསར་གཏོང་བའི”སྲོལ་རྒྱུན་ཟློས་གར་འདུ་ཚོགས་གཟབ་རྒྱས་ཤིག་འཚོགས་ཤིང་། འཁྲབ་སྟོན་གྱི་འགོ་ནས་མཇུག་བར་ཀོང་པོའི་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་པ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། མི་རིགས་མཐུན་སྒྲིལ་བཅས་བརྗོད་དོན་གཙོ་བོ་གསུམ་ལས་གྲུབ་ཡོད། ས་མཐོའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་དང་རིག་གནས་མཉམ་འདྲེས་བྱས་ནས་གྲོང་མི་དང་ཡུལ་སྐོར་བ་ཚོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལྟད་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།