དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱི་གཙོ་གནད་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་ལ་རྩ་བའི་རང་བཞིན་གྱི་ལེགས་བཅོས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཆུ་དང་ཙོང་ཆུ་སོགས་གཙོ་གནད་རྒྱུག་ཁུལ་སྲུང་སྐྱོང་དང་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་བས། གྲོང་ཁྱེར་ཡོངས་ཀྱི་ཆུ་བོ་ཁག་17གྱི་བཅད་ངོས་26གི་ཆུའི་སྤུས་ཚད་རིགས་Ⅰནས་Ⅲབར་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་8ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་རིགས་Ⅲགྱི་ཚད་གཞི་ལོན་ཚད་100%ཟིན་པ། རྨ་ཆུ་དང་ཏ་ཐུང་གཙང་པོ་ཞིང་ཆེན་སྒྲོལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅰརྒྱུན་འཁྱོངས་ཐུབ་པ། ཙོང་ཆུ་ཞིང་ཆེན་སྒྲོལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅱལ་ཐེངས་དང་པོ་སླེབས་པ། ཆུའི་ཁོར་ཡུག་ཚད་གཞི་ལོན་ཚད་ལོ་ལྔ་བསྟུད་མར་100%ཟིན་ནས། དྭངས་གཙང་གི་ཆུ་བོ་གྲོང་ཁྱེར་ནས་སྒྲོལ་བ་དང་ཞིང་ཆེན་ནས་སྒྲོལ་བའི་འགན་ལེན་ཐུབ་པ་མ་ཟད། མང་ཚོགས་བློ་བདེའི་ངང་ཆུ་འཐུང་རྒྱུ་ཡོད་པ་བྱས་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཆེད་དངུལ་འབོར་ཆེན་བཏང་བ་དང་། ཁྱོན་ཆུ་དང་། རླུང་ཁམས་ཆེན་མོ། ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བཅས་ཀྱི་རྣམ་གྲངས་54རེ་ཞུ་བྱས་པ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་དངུལ་སྒོར་དུང་ཕྱུར་10.75བརྩོན་ལེན་བྱས་པ། རྣམ་གྲངས་43ལག་བསྟར་ལེགས་སྒྲུབ་བྱས་པ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་9བཏང་བ་དང་ཆབས་ཅིག སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་ཀྱང་མེད་པ་ནས་ཡོད་པའི་བར་འགྱུར་ལྡོག་བྱུང་བ་སྟེ། གཙོ་གནད་ཆུ་བོར་ཆུའི་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་11དང་། སྲིད་འཛིན་ས་ཁོངས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་7 རང་བྱུང་སྲུང་སྐྱོང་ཁུལ་དང་མཛེས་ལྗོངས་གྲགས་ཅན་ཁུལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་2བཅས་བསྐྲུན་པ། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དུས་ཐོག་ཏུ་རྒྱལ་ཁབ་དང་། ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་ལ་བསྐུར་ནས་གཞི་རྩའི་ཆར་ལྟ་ཞིབ་ཚད་ལེན་ཆེ་མོའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།