དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྨ་ལྷོའི་སྐྱེ་ཁམས་ལས་གྲྭ་181གིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་བར་ཁྱམས་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ནོར་བུ་རྒྱ་མཚོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྨ་ལྷོ་ཀྲོའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་བའི་དམིགས་ཚད་གཏན་འཁེལ་བྱས་ནས་མ་དངུལ་སྒོར་དུང་ཕྱུར་29.31བཏང་སྟེ་གཙང་གསུམ་ཆུ་འགོ་སྲུང་སྐྱོབ་ཉམས་གསོ་དང་། ཨ་མྱིས་རྨ་ཆེན་རི་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ། རོང་བོ་དགུ་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་181ལག་བསྟར་བྱས་ཏེ། རྨ་ཆུ་དང་རོང་བོ་དགུ་ཆུ་འབབ་རྒྱུད་ཀྱི་ལྗང་མདོག་བར་ཁྱམས་གཉིས་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རྨ་ལྷོ་ཀྲོའུ་ཡིས་སྔོན་ལ་འཆར་འགོད་བྱེད་པ་དང་ལམ་ལུགས་ཀྱིས་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཆར་འགོད་སོགས་ཡིག་ཆ་བཅུ་ལྷག་ཙམ་བརྒྱུད་རིམ་ལྡན་པའི་སྒོ་ནས་བཟོས་པ་དང་། སྐྱེ་ཁམས་ཉམས་གསོ་དང་སྦགས་བཙོག་འགོག་བཅོས་སོགས་ཀྱི་བྱ་སྤྱོད་ཇུས་གཞི་རབ་དང་རིམ་པ་ལེ་ལག་ཚང་བའི་ངང་བཏོན་པ། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ནགས་ཚལ་བདག་སྐྱོང་། རྩྭ་ཐང་ཕྱུགས་བཀག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་བརྒྱབ་སྟེ། འཆར་འགོད་ཀྱིས་སྣེ་ཁྲིད་དང་། ཇུས་གཞི་དོན་འཁྱོལ། ཁྲིམས་སྲོལ་གྱི་འགན་ལེན་བཅས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལམ་ལུགས་ཀྱི་གདུབ་ཟུམ་ཞིག་ཆགས་པར་བྱས་ཡོད། དེའི་རྨང་གཞིའི་ཐོག་སྐྱེ་ཁམས་འཛུགས་གཏོད་ཀྱི་གྲུབ་འབྲས་ལ་རྒྱུན་མཐུད་ཚད་བརྒལ་ཡོང་བར་བྱས་ནས“རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་དཔེ་སྟོན་ཀྲོའུ”ཡི་གྲལ་དུ་སླེབས་པར་བྱས་པ་དང་། ཁམས་ར་ས་གཤིས་སྤྱི་གླིང“འཛམ་གླིང་ས་གཤིས་སྤྱི་གླིང”དུ་བདམས་ཐོན་བྱུང་སྟེ་རྨ་ལྷོའི་སྐྱེ་ཁམས་མིང་བྱང་རྒྱལ་སྤྱིའི་ཐོག་ཁྱབ་ཡོད།

    སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། རིམ་རྩིས་བརྒྱབ་ན་ནགས་བཟོ་སྤྱི་ཆིང་ཁྲི་25.85དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སྤྱི་ཆིང་ཁྲི་26.79ལེགས་གྲུབ་བྱུང་བ་དང་། ནགས་ཚལ་དང་རྩྭ་ཐང་ཁེབས་ཚད་རིམ་སྤོར་བརྟན་པོ་བྱུང་བ། སྲ་ཐཱན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ཁོར་ཡུག་གི་སྤུས་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་། མཁའ་རླུང་ལེགས་པ་དང་ཆུ་སྤུས་ཚད་གཞི་ལོན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་ཕྱིན་པ་བཅས་ལས“གནམ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་དྭངས་བ། གྲོང་ཁྱེར་གཙང་བ”བཅས་ཀྱི་སྐྱེ་ཁམས་ཀྱི་འདུན་པ་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།