སི་ཁྲོན་ནུབ་རྒྱུད་ས་མཐོའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས།

ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས་ནང་གི་ནུས་པ་ཧ་ཅང་ཆེ་བའི་ཀ་མ་ཡོང་ཁུངས་ཀྱི་ལངས་གཟུགས་རྗེས་སྙེག་སྒྲིག་ཆས།(LACT)

པར་གོང་མ་ནི། 2018ལོའི་ཟླ་6ཚེས་19ཉིན་ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས་དངོས་སུ་ལས་འགོ་ཚུགས་པ། པར་འོག་མ་ནི“ལ་སོ”ལྟེ་གནས་སུ་གནས་པའི་ཡོངས་སུ་བཀབ་པའི“ཆུ་རྫིང་ཆེན་པོ”གསུམ་ཡིན་པ་དང་། དེ་ནི་ཆུ་གཏིང་ཆི་ལུན་ཁོའོ་ཧྥུའུ་རྟོག་ཞིབ་ཡོ་བྱད་ཀྱི་གྲལ་སྟར་ཡིན་པ་དང་ཆུ་གཏིང་དུ་རང་རྒྱལ་ནས་ཐོན་པའི་དབྱིན་ཚུན་20ཟིན་པའི་འོད་གློག་ལྡབ་འཕར་མདོང་ལམ་ཆེན་པོ་2000ལྷག་ཙམ་བསྒར་ཡོད།

རྒྱང་ཤེལ་བླུགས་པའི་སྒྲོམ་སྒམ་སྔོན་པོ་སྟར་ཕྲེང་འགྲིག་པ།

“ས་རྡོག”རེ་རེའི་འོག་ཏུ་སྦས་པའི་མོའུ་རྡུལ་རྟོག་ཞིབ་ཡོ་བྱད་1188དང་ས་ངོས་ཀྱི“སྒམ་ཆུང་གྲུ་བཞི”འདྲ་བའི་གློག་ངར་གཞི་རྡུལ་རྟོག་ཞིབ་ཡོ་བྱད་5216ལས་མཉམ་དུ་ས་ངོས་ཀྱི་ཚོམ་འཕྲོའི་གཞི་རྡུལ་རྟོག་ཞིབ་ཡོ་བྱད་ཀྱི་གྲལ་སྟར་ཆགས་ཡོད། འདི་ནི་ས་ངོས་ཀྱི་ཚོམ་འཕྲོའི་གཞི་རྡུལ་རྟོག་ཞིབ་ཡོ་བྱད་ཡིན་པ།

ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས(པར་ཚང་མ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཁུན་གྱིས་མི་མེད་གནམ་གྲུ་སྤྱད་དེ་བརྒྱབ་པ)
སི་ཁྲོན་དཀར་མཛེས་ཀྲོའུ་འདབ་པ་རྫོང་དུ་ཡོད་པའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས(LHAASOབསྡུས་མིང་ལ་ལ་སོ་ཞེས་འབོད་པ)ནི་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཚོར་སྐྱེན་ཆེ་ཤོས་བཅས་ཀྱི་ཀ་མ་འཕྲོ་ཐིག་འཚོལ་ཞིབ་ཐིག་ལེན་སྒྲིག་ཆས་ཤིག་ཡིན་ཞིང་། དེའི་འཚོལ་ཞིབ་བྱ་ཡུལ་གཙོ་བོ་ནི་ནུས་ཆེའི་འཇིག་རྟེན་འཕྲོ་ཐིག་གི་འབྱུང་ཁུངས་དང་དེ་བཞིན་འབྲེལ་ཡོད་འཇིག་རྟེན་རིམ་འགྱུར་དང་། ནུས་ཆེའི་སྐར་མའི་གོ་ལའི་རིམ་འགྱུར། མངོན་མེད་དངོས་པོ་ཞིབ་འཇུག་བཅས་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “ལ་སོ”ནི་འདབ་པ་རྫོང་གི་ཤར་ཕྱོགས་གཡག་དཀར་རི་སྟེང་དུ་ཡོད་པ་དང་། ས་བབ་ལ་སྨི་4410དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1.36ཙམ་ཡོད། 2009ལོར་ཤང་ཧྲན་གྱི་ཚན་རིག་ཚོགས་འདུའི་ཐོག་འཛུགས་སྐྲུན་གྱི་བསམ་བཀོད་བཏོན་པ་དང་། 2015ལོར་སྐྲུན་ཡུལ་ཤར་ཕྱོགས་གཡག་དཀར་རི་བོར་གཏན་འཁེལ་བྱས་ནས་2018ལོར་དངོས་སུ་ལས་འགོ་བཙུགས་ཤིང་། 2023ལོར་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱུང་བ་རེད། དེ་ནི་ཡུན་ནན་གྱི་ཏུང་ཁྲོན་ལུའོ་ཞུའེ་རི་བོ་དང་བོད་ལྗོངས་ཡངས་པ་ཅན་གྱི་རི་མཐོའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས་ཀྱི་རྗེས་སུ་རང་རྒྱལ་གྱིས་བསྐྲུན་པའི་རི་མཐོའི་འཇིག་རྟེན་འཕྲོ་ཐིག་ལྟ་དཔྱད་ཚད་འཇལ་ས་ཚིགས་གསུམ་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།