ཕེ་རུའི་ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་།

འདི་ནི་ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་གི་ས་གནས་དེ་གའི་ལས་མིས་སྡོང་ཕྲུག་ར་བར་སྣ་མའི་མེ་ཏོག་ལ་ཡལ་བཞུར་རྒྱག་བཞིན་པ། ཚའོ་ཀྲེས་པར་བརྒྱབ།

འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཕེ་རུའི་ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་ཡིན་པ། ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པས་མཁོ་འདོན་བྱས།
ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་ནི་ཕེ་རུའི་ཆུ་ཤུགས་གློག་ཁང་ཆེ་གྲས་ཨང་གསུམ་པ་ཡིན་པ་དང་། སྤྱིའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་45.6ཟིན་ཞིང་། ལོ་མང་རིང་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་20རྒྱུན་འཁྱོངས་ཐུབ་ནས་ཕེ་རུའི་རྒྱལ་ཡོངས་ཀྱི་གློག་འདོན་ཚད་ཀྱི་5.31%བཟུང་ཡོད། 2019ལོར། ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པའི་ཁོངས་གཏོགས་ཧུའུ་པེ་ནུས་རྒྱུ་ཚོགས་པས་གློག་ཁང་དེ་དངོས་སུ་གཉེར་སྐྱོང་བྱ་རྒྱུར་རྩིས་བླངས་པ་རེད།
ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་དུ་སྐྱོད་སྐབས་ཐོག་མར་མིག་མདུན་དུ་འཆར་བའི་ཆུ་མཛོད་ནི་དྭངས་གསལ་གྱི་ཆུ་ངོས་ཤེལ་ལྟར་ཡིན་པ་དང་། ཆུ་མཛོད་ཁུལ་གྱི་འགན་འཁུར་བ་ཧུའུ་ཨན·པུའུ་ལ་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ངོས་དངོས་པོ་གཙང་སེལ་རུ་ཁག་གིས་རིམ་རྩིས་བརྒྱབ་ན་ཆུ་ངོས་ཀྱི་དངོས་པོ་ཏུན་276ལྷག་ཙམ་བཏོན་པ་དེའི་ནང་གི་ཤིང་ཆ་དག་མཐའ་འཁོར་སྡེ་ཁུལ་གྱི་གྲོང་མིར་འབུད་རྫས་སུ་སྤྲད་པ་དང་སྤོས་འགྱིག་བེད་མེད་དངོས་པོ་སོགས་རྒྱལ་ས་ལི་མར་དབོར་ནས་གཅིག་བསྡུས་ངང་ཚུར་བསྡུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་བྱེད་ཐུབ་ཡོད།
ཆུ་ཤུགས་གློག་ཁང་གི་ལས་དོན་པས་སྡོང་ཕྲུག་ར་བ་བཙུགས་ནས་སྟོངས་ཉེར་ཡོད་པའམ་ཡང་ན་སྐྱེ་འཚར་མི་ལེགས་པའི་སྣ་མའི་མེ་ཏོག་དེ་གར་སྤོས་ནས་གསོ་སྐྱོང་ཞིབ་ཚགས་བྱས་པ་དང་། དེ་དག་གསོན་རྗེས་ཕྱི་རོལ་དུ་སྤོ་འཛུགས་བྱས་ཤིང་། མིག་སྔའི་བར་ཆུ་ཤུགས་གློག་ཁང་གིས་རིམ་རྩིས་བརྒྱབ་ན་སྣ་མའི་མེ་ཏོག་རིགས་170དང་སྡོང་རྐང་9600ཙམ་སྲུང་སྐྱོང་བྱས་ཡོད། ཆུ་ཤུགས་གློག་ཁང་གིས་ད་དུང་མཐའ་འཁོར་སྡེ་ཁུལ་དང་ལག་གདང་སྦྲེལ་ནས་ཤིང་འཛུགས་ནགས་བཟོ་བྱས་པ་དང་རིམ་རྩིས་བརྒྱབ་ན་སྡོང་རྐང་ཁྲི་10ལྷག་ཙམ་བཏབ་པར་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་192ཟིན་ཡོད་པ་རེད། ཁྲ་ཀེ་ཡ་ཆུ་ཤུགས་གློག་ཁང་གི་འགན་འཁུར་བ་ཡོན་ཞི་ཡིས“ང་ཚོས་ཀྲུང་གོའི་ནུས་རྒྱུ་གཙང་མའི་ལག་རྩལ་ཕྱི་ཕྱོགས་སུ་ཁྱབ་གདལ་གཏོང་དགོས་པ་མ་ཟད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་དེ་བས་མཉམ་འདྲེས་བྱེད་དགོས”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།