ཀྲུང་གོ་དང་ཐེ་ལན་གྱི་སྡོང་དམར་ནགས་ཚལ་ཐུན་མོང་སྲུང་སྐྱོབ་དཔེ་སྟོན་ཁུལ།

འདི་ནི་ས་གནས་དེ་གའི་སློབ་མས་ཐེ་ལན་ཕན་ཡ་དབན་རྒྱལ་ཁབ་སྤྱི་གླིང་དུ་ཀྲུང་ཐེའི་ཤིང་དམར་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་བྱེད་སྒོ་ཁག་ནང་ཞུགས་ནས་ཤིང་དམར་ནགས་ཚལ་འདེབས་འཛུགས་བྱེད་སྟངས་མྱོང་རོལ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཝེ་ཐུང་གིས་པར་བརྒྱབ།

འདི་ནི་ཐེ་ལན་ཕན་ཡ་དབན་རྒྱལ་ཁྱབ་སྤྱི་གླིང་གི་སྡོང་དམར་ནགས་ཚལ་སྟུག་པོ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་སུན་ཀོང་ཡུང་གིས་པར་བརྒྱབ།
སྡོང་དམར་ནགས་ཚལ་ནི་ཚ་རྒྱུད་དང་ཚ་རྒྱུད་ཕལ་པའི་རིན་ཐང་ཆེ་ཤོས་ཀྱི་མཚོ་རྒྱུད་སྐྱེ་ཁམས་མ་ལག་གི་གྲས་ཤིག་རེད། རླུང་འགོག་རླབས་འཇགས་དང་། མཚོ་ཆུ་གཙང་སྒྱུར། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བཅས་ཀྱི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་པའི་སྡོང་དམར་ནགས་ཚལ་འདིར“མཚོ་རྒྱུད་ཀྱི་སྲུང་དམག”ཅེས་བརྗོད་སྲོལ་ཡོད། ཐེ་ལན་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་27.2ཙམ་ཟིན་པའི་སྡོང་དམར་ནགས་ཚལ་དག་གཙོ་བོ་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་མཚོ་རྒྱུད་ས་ཁུལ་དུ་ཁྱབ་ཡོད། ལོ་བཅུ་ཕྲག་དུ་མའི་གོང་དུ་ཐེ་ལན་མཚོ་རྒྱུད་ཀྱི་མཚོ་ཐོན་ཞ་སྨི་གསོ་སྤེལ་ལས་རིགས་ཀྱིས་སྡོང་དམར་ནགས་ཚལ་གྱི་འཚོ་གནས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཤིང་། སྡོང་དམར་ནགས་ཚལ་འབོར་ཆེན་ལ་གནོད་སྐྱོན་རྒྱུན་ཆད་མེད་པར་ཕོག་ཡོད། དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་མི་རྣམས་ཀྱིས་སྡོང་དམར་ནགས་ཚལ་གྱི་སྐྱེ་ཁམས་རིན་ཐང་རིམ་བཞིན་ཤེས་རྟོགས་བྱུང་སྟེ། ས་གནས་དེ་གའི་སྡོང་དམར་ནགས་ཚལ་སླར་གསོའི་ལས་དོན་སྔ་རྗེས་སུ་སྤེལ་ཡོད།
ཀྲུང་གོ་ནི་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་རུ་འགྲོ་བཞིན་པའི་རྒྱལ་ཁབ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་སྡོང་དམར་ནགས་ཚལ་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2024ལོའི་ཟླ་11པར། ཀྲུང་གོ་དང་ཐེ་ལན་གྱིས་ཐེ་ལན་ཕན་ཡ་མཚོ་ཁུག་རྒྱལ་ཁབ་སྤྱི་གླིང་དུ་ཀྲུང་ཐེའི་སྡོང་དམར་ནགས་ཚལ་ཐུན་མོང་ཐོག་སྲུང་སྐྱོང་དཔེ་སྟོན་ཁུལ་བཙུགས་པ་དང་། སྡོང་དམར་ནགས་ཚལ་གྱི་ཉམས་ཞན་རང་བཞིན་ལ་གདེང་འཇོག་དང་། རང་བྱུང་སློབ་གསོ། སྡོང་དམར་ནགས་ཚལ་འདེབས་འཛུགས་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད། རྒྱུན་གཏན་ཅན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས་སྡོང་དམར་ནགས་ཚལ་ལ་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ཐད་མཉམ་ལས་དང་སྤེལ་རེས་གཏིང་ཟབ་ཀྱང་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཀྱིས་ཐེ་ལན་གྱི་སྡོང་དམར་ནགས་ཚལ་ལ་སྲུང་སྐྱོང་བྱེད་པར་རོགས་རམ་ཧུར་ཐག་བྱས་ཡོད། ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་མི་ཚོས་ཡེ་ཀོང་ཧྥུའུ་རུ་སྡོང་དམར་ནགས་ཚལ་འདེབས་འཛུགས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་ཏེ། ཁྱོན་སྡོང་ཕྲུག་ཁྲི་1.2བཏབ་པར་གསོན་ཚད་85%ལས་བརྒལ་ཡོད། ཁོ་ལུང་ཁུང་སྡོང་དམར་ནགས་ཚལ་སྲུང་སྐྱོང་ལྟེ་གནས་སུ་ཐེ་ལན་གྱི་སློབ་ཆུང་སློབ་མ་ཁག་གཅིག་གིས་ཚན་རིག་ཁྱབ་གདལ་གྱི་པར་གཞིར་དགའ་སྤྲོའི་ངང་བལྟས་ཏེ། སྡོང་དམར་ནགས་ཚལ་འཚར་སྐྱེའི་བརྒྱུད་རིམ་ཤེས་རྟོགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།