ཨེ་ཅིབ་ཀྱི“མིས་བཟོས་གཙང་པོའི་མངར་ཆའི་ཐོན་ལས”ཀྱི་ཞིང་ལས་འདེབས་འཛུགས་རྣམ་གྲངས།

འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཨེ་ཅིབ་ཀྱི“མིས་བཟོས་གཙང་པོའི་མངར་ཆའི་ཐོན་ལས”ཀྱི་ཞིང་ལས་འདེབས་འཛུགས་རྣམ་གྲངས་ཀྱི་མངར་ཚལ་ཞིང་ར་ཡིན་པ། ཀྲུང་པང་རྡོ་སྣུམ་ཨེ་ཅིབ་ཡན་ལག་ཀུང་སིས་མཁོ་འདོན་བྱས།

འདི་ནི་ཨེ་ཅིབ་ཀྱི་བྱེ་ཐང་ཁུལ་དུ་ཀྲུང་གོའི་ཀྲུང་པང་ཚོགས་པའི་ཆུ་གཏོར་མ་ལག་ནས་ཆུ་གཏོར་བཞིན་པ། ཧའོ་ཏུང་ལེས་པར་བརྒྱབ།
ཨེ་ཅིབ་ལྷོ་རྒྱུད་ཀྱི་མིང་ཡ་ཞིང་ཆེན་གྱི་བྱེ་ཐང་ཁུལ་དུ་ཚ་གདུག་ཉི་འོད་འོག་ཏུ་བྱེ་ཕུང་དག་སེར་འོད་ལམ་ལམ་དུ་འཕྲོ་བར་བྱེད། མཁའ་དབྱིངས་ནས་བལྟས་ཚེ། བྱེ་ཐང་ཁྲོད་ཀྱི་ལྗང་མདོག་གི་ཟླུམ་དབྱིབས་རེ་རེ་ཧ་ཅང་མངོན་གསལ་དོད་པ་དེ་ནི“མིས་བཟོས་གཙང་པོའི་མངར་ཆའི་ཐོན་ལས”ཀྱི་ཞིང་ལས་འདེབས་འཛུགས་རྣམ་གྲངས་ཀྱིས་བསྐྲུན་པའི་རེ་བའི་ཞིང་ས་ཡིན་པ་རེད། དེ་གར་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཅིབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་ཕྱོགས་གསུམ་མཉམ་ལས་བྱས་ཏེ། བྱེ་ཐང་སྤྱི་ཆིང་ཁྲི་5མངར་ཚལ་ཞིང་རར་སྒྱུར་བཀོད་བྱས་ནས“བྱེ་ཐང་དུ་མངར་ཆ་འདེབས་ཐུབ་པའི”ངོ་མཚར་བཏོད་ཡོད།
2018ལོ་ནས་བཟུང་། ཀྲུང་པང་ཚོགས་པས་རྙོག་འཛིང་ཆེ་བའི་ས་གཤིས་ཀྱི་འགྲན་སློང་ཁྱད་བསད་ཀྱིས་བྱེ་ཐང་དུ་ཁྲོན་པ་གཏིང་རིང་300ལྷག་ཙམ་དྲུས་ནས། སྤྱི་ཡོངས་ཀྱི་ལས་ཆོད་ཆེས་ཆེར་མཐོ་རུ་བཏང་བ་དང་ཞིང་ལས་ཆུ་འདྲེན་བྱ་རྒྱུར་ཆུ་འགོའི་རྨང་གཞི་བཏིང་ཞིང་། ཆུ་གཏོར་འགྲེམས་མ་ལག་ལ་བརྟེན་ནས་ཆུ་ཚང་མ་མངར་ཚལ་གྱི་རྩ་བར་གནད་ལ་འཁེལ་བའི་སྒོ་ནས་འདྲེན་ཐུབ་སྟེ། དེ་སྔ་རྩྭ་རྐང་གཅིག་ཀྱང་སྐྱེ་མི་ཐུབ་པའི་བྱེ་ཐང་ད་ཆ་གསོན་ཤུགས་ཀྱིས་ཁེངས་པའི“མངར་ཞིང”ཞིག་ཏུ་གྱུར་ཡོད།
“མིས་བཟོས་གཙང་པོའི་མངར་ཆའི་ཐོན་ལས”ཀྱི་ཞིང་ལས་འདེབས་འཛུགས་རྣམ་གྲངས་ནི་ཞིང་ལས་ལས་གྲྭ་ཞིག་ཡིན་པ་མ་ཟད། “རི་གཉིས”འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཀྱང་ཡིན། རྣམ་གྲངས་ཅིང་ལི་པའོ་ཏེ་ཝུན་གྱིས་དེང་རབས་ཅན་གྱི་མངར་ཆའི་བཟོ་གྲྭས་ཁྱོན་ཡོངས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བསྟུན་ཏེ། དེ་གར་ལོའི་མངར་ཆའི་ཐོན་འབབ་ཏུན་ཁྲི་90ཟིན་ནས་ཨེ་ཅིབ་ཀྱི་མངར་ཆ་རང་མཁོ་རང་སྤྲོད་ཐུབ་ཚད་85%ནས་100%བར་མཐོ་རུ་འགྲོ་རྒྱུ་དང་ལོ་རེར་ཨ་སྒོར་དུང་ཕྱུར་5ཙམ་གྱི་མངར་ཆ་ནང་འདྲེན་གྱི་འགྲོ་སོང་ཆུང་དུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།