རི་བོའི་ལྡེབས་ཀྱི་གྲོང་ཚོའི་བཀོད་པ་ལེགས། གནའ་ཁང་མཐོང་བས་ཕ་ཡུལ་ཡིད་ལ་དྲན།

འདི་ནི་གྱང་སེར་པོ་དང་རྫ་ལེབ་སྔོན་པོས་བརྒྱན་པའི་གྲོང་ཚོའི་རྣམ་པ་ཡིན་པ།

འདི་ནི་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པ།
མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་གནའ་བོའི་བཟོ་བཀོད་39རི་བོ་གསུམ་གྱི་ལྡེབས་སུ་གནས་ཤིང་། གྱང་སེར་པོ་དང་རྫ་ལེབ་སྔོན་པོའི་ཁང་པ་དག་གཅིག་ཐོག་གཅིག་བརྩེགས་ཀྱིས་གྲལ་སྟར་འགྲིག་པོར་གནས། དེ་མིན་ད་དུང་གནའ་ཁང་དང་། གནའ་ལམ། གནའ་སྡོང་། གནའ་བོའི་རྡོ་རིང་སོགས་ཧྥུའུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཡིའུ་ཤིས་རྫོང་དབྱང་ཀྲུང་གྲོང་རྡལ་ཀུའེ་ཧྥུང་གྲོང་ཚོར་སྐྱོད་སྐབས་མིག་ལམ་དུ་མངོན་པ་དེ་དག་ཚང་མ་ཤིན་ཏུ་ནས་གནའ་ཉམས་དོད་ཅིང་། འདི་ནི་ཧྥུའུ་ཅན་ཞིང་ཆེན་གྱི་གནའ་བོའི་བཟོ་བཀོད་ཉར་ཚགས་ཆ་ཚང་ཤོས་ཀྱི་གྲོང་ཚོ་ཞིག་རེད།
གནའ་བོའི་གྲོང་ཚོའི་ལྟེ་བའི་ཁུལ་སྲུང་སྐྱོང་བྱས་པའི་རྨང་གཞིའི་ཐོག ཀུའེ་ཧྥུང་གྲོང་ཚོས་སྲོལ་རྒྱུན་བཟོ་བཀོད་ཀྱི་རྣམ་པ་དང་དམངས་སྲོལ་གོམས་གཤིས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་ལོ་ལྟར་དཔྱིད་གསར་དུས་ཆེན་སྐབས་སྨྱུག་སྦྲུལ་གློག་སྒྲོན་ལ་རོལ་བ་སོགས་སྲོལ་རྒྱུན་བྱེད་སྒོ་སྤེལ་བ་དང་ཆབས་ཅིག དམངས་སྲོལ་གནས་ཚང་དང་ཇ་ཁང་སོགས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་ནས། གྲོང་མིའི་ཡོང་འབབ་འཕར་བར་རོགས་རམ་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།