མཚོ་དམག་གི་ཧྥུའུ་ཅན་རྟགས་ཅན་དམག་གྲུ་དམག་གྲལ་དུ་ཞུགས་རྗེས་མཚོ་ཐོག་དམག་སྦྱོང་ཐེངས་དང་པོ་བྱས་པ།
ཉེ་ཆར། མཚོ་དམག་གི་ཧྥུའུ་ཅན་རྟགས་ཅན་གནམ་ཐང་གྲུ་གཟིངས་དཔུང་རུས་མཚོ་ཐོག་གི་རྣམ་གྲངས་མང་བའི་སྦྱོང་བརྡར་སྒྲིག་འཛུགས་བྱས་ཤིང་། འདི་ནི་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུ་དམག་གྲལ་དུ་ཞུགས་རྗེས་མཚོ་ཐོག་དམག་སྦྱོང་བྱེད་ཐེངས་དང་པོ་ཡིན་པ་རེད།
ལས་འགན་སྒྲུབ་རིང་། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུ་དང་། ཡན་ཨན་རྟགས་ཅན་གྱི་དམག་གྲུ། ཐུང་ལེའོ་རྟགས་ཅན་གྱི་དམག་གྲུ་སོགས་དམག་གྲུ་མང་པོ་ལས་གྲུབ་པའི་གནམ་ཐང་གྲུ་གཟིངས་དཔུང་རུས་སྔ་རྗེས་སུ་དཔུང་རུའི་མཚོ་འགྲུལ་དང་། དམག་གྲུ་དང་གནམ་གྲུའི་མཉམ་འབྲེལ་འཚོལ་སྐྱོབ། གྲུ་བབས་གནམ་གྲུའི་འཕུར་འབབ་སོགས་རྣམ་གྲངས་མང་པོའི་སྦྱོང་བརྡར་བྱས་ཡོད། དམག་གྲུ་དང་གནམ་གྲུའི་མཉམ་འབྲེལ་འཚོལ་སྐྱོབ་རྣམ་གྲངས་ནང་། དཔུང་རུའི་བཀོད་འདོམས་སུའོ་ཡིས་དམིགས་བསལ་གནས་ཚུལ་ཐག་གཅོད་བྱེད་དགོས་པའི་བཀའ་བཏང་རྗེས། དམག་གྲུ་དང་གནམ་གྲུས་མཚོ་མཁའ་མཉམ་འགུལ་དང་མཉམ་ལས་གཞོགས་འདེགས་བྱས་ཏེ། རོགས་སྐྱོབ་ལས་འགན་མགྱོགས་མྱུར་བསྒྲུབས་ནས། དཔུང་རུའི་གྲུ་བབས་གནམ་གྲུའི་དམིགས་བསལ་གནས་ཚུལ་ཐག་གཅོད་དང་འཚོལ་སྐྱོབ་དམག་ཤུགས་ཞུགས་པའི་ལས་རིམ་འཐུས་སྒོ་ཚང་དུ་དང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། འཕྲལ་སྡོམ་གནས་ཚུལ་ཐག་གཅོད་བྱེད་པའི་དཔུང་རུའི་ནུས་པ་ཆེ་རུ་བཏང་ཡོད། རྒོལ་གཏོར-35དང་། རྒོལ་གཏོར-15T རྒོལ་གཏོར-15DT མཁའ་ཟོན-600སོགས་གྲུ་བབས་གནམ་གྲུ་རིགས་མང་པོ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་ཐོག་འཕེན་གཏོང་འཕུར་སྐྱོད་དང་གྲུ་འབབ་སྦྱོང་བརྡར་ཐེངས་མང་ལེགས་གྲུབ་བྱུང་བས། ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུའི་གློག་ངར་འཕེན་གཏོང་དང་། ཚུར་བསྡུ། གྲུ་གཅལ་ཐོག་གི་ལས་འགན་སྒྲུབ་ནུས་བཅས་ལ་ཞིབ་དཔྱད་ནུས་ལྡན་ཐུབ་ནས། དམག་གྲུ་དང་གནམ་གྲུའི་འཚམ་སྒྲིག་རང་བཞིན་སྔར་བས་ར་འཕྲོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།