དམངས་གཉེར་ཁེ་ལས་ཀྱིས་ཐོག་མར་བཟོས་པའི་LNGསྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་མཚོ་འགྲུལ་ཚོད་ལྟ་བྱས་པ།

ཟླ་11ཚེས་20ཉིན། སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་17.5ཡོད་པའི་LNG(གཤེར་རླངས)སྐྱེལ་འདྲེན་གྲུ་གཟིངས“ཤིན་ཧྥུའུ124”ཅང་སུའུ་དབྱང་ཙི་ཤིན་ཧྥུའུ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་གྲུ་ཁར་ཁ་བཀག་ཡོད།
ཉིན་དེར་གྲུ་གཟིངས“ཤིན་ཧྥུའུ124”མཚོ་དོན་སོགས་སྡེ་ཚན་གྱི་བརྒྱུད་རིམ་ཧྲིལ་པོའི་མཐུན་སྦྱོར་འགན་སྲུང་འོག ཅང་སུའུ་ཐའེ་ཀྲོའུ་ཐའེ་ཤིན་གྲོང་ཁྱེར་དུ་བདེ་བླག་ངང་མཚོ་འགྲུལ་ཚོད་ལྟ་བྱས་པ་རེད།
འདི་ནི་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱིས་ཐོག་མར་བཟོས་པའི་LNGསྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་ཡིན་པ།
འབྲེལ་ཡོད་གསར་འགྱུར།