ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།
ཉེ་ཆར། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་124.53ཟིན་པ་དེ་དུས་མཚུངས་ལས་13.44%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་ཟླ་བ་དགུ་པའི་བར་བོད་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གློག་སྤྱོད་ཚད་སོ་སོར་ཆུ་ཚོད་ཆན་ཝ་དུང་ཕྱུར་1.68དང་། ཆུ་ཚོད་ཆན་ཝ་དུང་ཕྱུར་62.7 ཆུ་ཚོད་ཆན་ཝ་དུང་ཕྱུར་41.91བཅས་ཟིན་ནས་དུས་མཚུངས་ལས་20.05%དང་། 18.36% 12.84%བཅས་སོ་སོར་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་18.24ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གློག་སྤྱོད་ཚད་མྱུར་པོ་འཕར་བ་དེ་བརྟན་ཞིང་བློས་འཁེལ་བའི་གློག་འདོན་ཤུགས་དང་ཐོག་མཐའ་བར་གསུམ་དུ་འཁོར་སྐྱོད་བྱེད་པའི་འགན་སྲུང་བརྟན་པོ་དང་ཁ་འབྲལ་ཐབས་མེད། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས“ཁུངས”ལ་བརྟེན་ནས་རྨང་གཞི་བཏིང་ཞིང་། མཚོ་བོད་ཐད་རྒྱུག་གློག་རྒྱུན་གྱི་དུས་ཐེངས་གཉིས་པ་རྒྱ་བསྐྱེད་དང་། ལྷ་ཡུལ་གྱི་ཆན་ཧྥུའུ་220ཟིན་པའི་གློག་འདྲེན་གློག་སྒྱུར་སོགས་ཀྱི་ལས་གྲྭ་བདེ་བླག་ངང་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པས་བོད་ཀྱི་གློག་དྲའི་སྟོབས་ཤུགས་སྔར་བས་ཆེ་རུ་སོང་བ་དང་། “བརྟན་པོར”བརྟེན་ནས་མཁོ་སྤྲོད་འགན་ལེན་བྱས་ཏེ་ཉིན་རེར་ཆ་སྙོམས་གློག་ཆུ་ཚོད་ཆན་ཝ་ཁྲི་4460.49གཏོང་ལེན་བྱེད་པ་དེ་དུས་མཚུངས་ལས་11.46%འཕར་ཡོད། “ལྗང་མདོག”ཕྱོགས་སུ་འཕེལ་རྒྱས་བཏང་ཞིང་། འདི་ལོ་རིམ་རྩིས་བརྒྱབ་ན་ལྗོངས་དང་ཞིང་ཆེན་ལས་བརྒལ་ནས་ཕྱི་ཕྱོགས་སུ་ནུས་རྒྱུ་གཙང་མའི་གློག་གཏོང་ཉོ་ཚོང་བྱེད་ཐེངས་10ཙམ་བྱས་ཏེ། ཕྱི་ཕྱོགས་ལ་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་13.07བཏང་བས་ཚད་ལྡན་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་40ཙམ་གྲོན་ཆུང་ཐུབ་རྒྱུར་རམ་འདེགས་ཐུབ་ཡོད། དེ་དང་ཆབས་ཅིག“མི་དགོས་པ་གསུམ”དང“གྲོན་ཆུང་གསུམ”གྱི་གློག་ལས་གཉེར་སྟངས་རྒྱུན་མཐུད་ཁྱབ་གདལ་བཏང་སྟེ། རིམ་རྩིས་བརྒྱབ་ན་འཛད་སྤྱོད་པར་མ་དངུལ་སྒོར་ཁྲི་3003.6གྲོན་ཆུང་ཐུབ་ནས་གྲོང་མི་དང་ཁེ་ལས་ཆུང་ཕྲན་13332ལ་ཕན་པ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།