དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས“དཔང་ཡིག་མི་དགོས་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-23

    ད་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་གྱིས་མང་ཚོགས་ཀྱིས་གོང་ཞུ་བྱས་པའི“དཔང་ཡིག་མང་པོ་དགོས་པ་དང་ལས་དོན་སྒྲུབ་དཀའ་བའི” གནད་དོན་ལ་དམིགས་ནས། “འབྱུང་རྩ་ནས་གྲངས་འབོར་ཉུང་གཏོང་དང་། ཁ་གསབ་ཁས་ལེན། ཞབས་ཞུ་ལེགས་གཏོང”བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་བརྒྱབ་སྟེ། སྲིད་དོན་ཞབས་ཞུའི“དཔང་ཡིག་ཉུང་དུ་བཏང་ནས་དམངས་ལ་སྟབས་བདེ་སྐྲུན་པ”ནས“དཔང་ཡིག་མི་དགོས་པར་དམངས་ལ་ཕན་འདོགས་པའི”བར་གྱི་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས། “དཔང་ཡིག་མི་དགོས་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དཔང་ཡིག་33%“སྐྱེལ་མི་དགོས་པ”བྱུང་བ་དང་ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་96%ཡན་ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་ལས་དོན་གྱིས“རྩིས་ཐོའི་དཔང་ཡིག་ཉུང་གཏོང”མཐའ་འཁྱོངས་བྱས་ཏེ། འབྱུང་རྩ་ནས་དཔང་ཡིག་ཉུང་དུ་བཏང་སྟེ་གྲོང་ཁྱེར་དང་། རྫོང(གྲོང་ཁྱེར་དང་ཆུས)རིམ་གཉིས་ཀྱི་སྲིད་འཛིན་ཞིབ་མཆན་དང་། སྤྱི་པའི་ཞབས་ཞུ། དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་3142ལ་ཡོངས་ཁྱབ་གྲལ་བཤེར་བྱས་ཐོག“ཁྲིམས་མཐུན་སོར་འཇོག་དང་། ཐད་ཀར་མེད་པར་བཟོ་བ། ཚབ་གཉེར”བཅས་ཀྱི་རྩ་དོན་གཞིར་བཟུང་དཔང་ཡིག་དོན་ཚན་མེད་པར་བཟོ་བའི་གསལ་ཐོ་གྲུབ་ནས་ཁྱོན་དཔང་ཡིག་དོན་ཚན་36མེད་པར་བཟོས་ཡོད། དེ་དང་ཆབས་ཅིག“ཁས་ལེན་གྱིས་ལག་ཁྱེར་གྱི་ཚབ་བྱེད་པའི”སྟབས་བདེའི་སྒྲུབ་གཉེར་ཁྱབ་སྤེལ་ཧུར་ཐག་བཏང་བ་དང་། སྤྱི་ཚོགས་འགན་བཅོལ་ནང་ཞུགས་པ་དང་། བུ་ཕྲུག་སློབ་གྲྭར་འགྲོ་བ། ལས་ཞུགས་ལས་གཏོད་ཀྱི་ཁ་གསབ་སྤྲོད་པ་སོགས་དོན་དག་ཁག་དགུ་ལ་དམིགས་ནས། གསལ་བརྡ་ཁས་ལེན་ལམ་ལུགས་ཁྱབ་སྤེལ་བཏང་བ་དང་། རྒྱ་བོད་ཤན་སྦྱར་གྱི《ཁས་ལེན་ཡི་གེའི་གསལ་བརྡ》བཟོས་ཏེ། ཁས་ལེན་གྱི་ནང་དོན་དང་། བཅའ་ཁྲིམས་འགན་འཁྲི། ཞིབ་བཤེར་བྱེད་སྟངས་བཅས་ཁ་གསལ་བཟོས་ཡོད། རིམ་རྩིས་བརྒྱབ་ན་ཁས་ལེན་གསལ་བརྡའི་བྱ་ཐབས་བརྒྱུད་ལས་སྒོ་ཁག་1746བསྒྲུབས་ནས་མང་ཚོགས་ལ“ཁས་བླངས་ཐོབ་ན་མྱུར་དུ་སྒྲུབ་པ”མངོན་འགྱུར་བྱུང་ཡོད། དེས་མ་ཚད་ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུའི་ཉམས་ལེན་ལེགས་སུ་གཏོང་ཆེད། གློག་རྡུལ་དཔང་ཡིག་དང་། ཐམ་ཀ། མིང་རྟགས་འགོད་པ་བཅས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་དྲ་ཕྱིར“སྐར་ཁུང་གཅིག་ནས་ཀུན་སྒྲུབ”དང“ཚབ་བྱེད་སྒྲུབ་གཉེར”ལ་སྐུལ་འདེད་བཏང་བ་དང་། དེ་བཞིན་གྲོང་གསེབ་ཏུ“རྒྱ་བོད་སྐད་གཉིས་ཀྱི་ལས་རོགས་པའི”དཔུང་ཁག་བཙུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ལས་སྒྲུབ་ཡིག་ཆ་འབུལ་སྤྲོད་དང་ཞིབ་བཤེར་དྲ་ཐོག་ཅན་མངོན་འགྱུར་བྱུང་ནས། གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ནས་སྒྲུབ་ཐུབ་ཚད་དང་། ཁེ་ལས་གཉེར་སྐབས་ཐོན་མང་བའི་དོན་དག་དྲ་ཐོག་ནས་སྒྲུབ་ཐུབ་ཚད་100%ཟིན་པ། གྲོང་ཁྱེར་ཡོངས་ཀྱི་དྲ་ཕྱིའི་ཕྱོགས་བསྡུས་སྐར་ཁུང་ཁྱབ་ཚད་95%ཟིན་པ། རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་ལས་རོགས་དྲ་ཐོག་རེ་ཞུ་དང་ཁས་ལེན་འབུལ་སྤྲོད་སོགས་ཀྱི་དོན་དག་8664ལེགས་གྲུབ་བྱུང་བ་བཅས་ལས“དཔང་ཡིག་མི་དགོས་པའི”ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་སྟེ། རྒྱ་ཆེའི་མང་ཚོགས་དང་ཁེ་ལས་ལ“སྟབས་བདེའི་ལག་ཁྱེར”གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།