དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་མི་སེམས་ལ་ལྕག་སྐུལ་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ།   |     སྤེལ་དུས།  2025-11-23

    ཉེ་ཆར། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྟེ“རྒྱལ་ཁབ་ཀྱི་ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས”པའི་ནན་བཤད་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་མི་སེམས་ལ་ལྕག་སྐུལ་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཀྱི་ཡིན་ཞེས་བཤད།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་ཕྱིན་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱ་རྒྱུ་དེ‘ཕྱོགས་ཡོངས་བཞི’ཡི་འཐབ་ཇུས་བཀོད་ཇུས་ནང་བཅུག་སྟེ་སྐུལ་འདེད་ནུས་ལྡན་བཏང་བས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་སྤྱི་ཡོངས་ཀྱི་བཀོད་པ་གཞི་རྩའི་ཆ་ནས་གྲུབ་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་ཕྱིན་ཡོད”ཅེས་གསུངས་ཡོད།

    ཁྲིམས་འཛིན་པུའི་སྲིད་འཛིན་ཁྲིམས་སྒྱུར་མཐུན་སྦྱོར་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་ལིའུ་པོ་ཡིས“ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་ཡོད”ཅེས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤྱི་འདོམས་དང་། ཚད་ལྡན། ལྟ་སྐུལ། མཐུན་སྦྱོར་བཅས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལྟ་སྐུལ་གྱི་ནུས་པ་གང་ལེགས་བཏོན་ཏེ་ནན་པོ་དང་། ཚད་ལྡན། དྲང་གཞག ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱེད་པར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་དང་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་བཤད།

    ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་ཕྱོགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཀྱིས《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་གྱི“ལམ་རིས”བཟོས་པ་དང་། ལྟ་བཤེར་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་འགན་ནུས་སྡེ་ཚན་གྱིས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་ཁྲིམས་ལྟར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། 

    “ང་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཁྲིམས་ལྟར་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། དེ་དང་དུས་མཚུངས་ཡིག་འབུལ་ཞུ་བཅར་ལས་དོན་གྱི‘ཆར་བརྟག་ཡོ་བྱད’ཀྱི་ནུས་པ་སྔར་བས་བཏོན་ཏེ། སྲིད་ཇུས་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་པོ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧྲི་སུང་ཡུས་ཀྱིས་བཤད།

    ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་པ་སློབ་གླིང་གི་ཡོན་ཀྲང་དབྱང་ཏུང་གིས“དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་དང་། ཁྲིམས་འཛུཌ་བཅའ་ཁྲིམས་བཟོ་བཅོས། ཉེས་ཁྲིམས་དག་བཅོས་འཆར་ཟིན (བཅུ་གཉིས་པ)ལ་གྲོས་འཆམ། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་བཟོ་བ་སོགས་ལས་ཁྲིམས་སྐྱོང་གི་ཞབས་ཞུ་འགན་སྲུང་གི་ནུས་པ་སྔར་བས་མངོན་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན་བཅས་ལ་ཕན་འབྲས་བཟང་པོ་ཐོན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད། ཁྲིམས་སྐྱོང་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་དང་ཁྲིམས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་དང་ཁྲིམས་སྐྱོང་ལས་དོན་སྒྲུབ་མཁན་སྡེ་ཚན་དང་ཁྲིམས་རིག་པའི་སློབ་གླིང་དབར་གྱི་མཐུན་སྦྱོར་མི་སྐྱོང་ལམ་སྲོལ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་པར་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་བཤད།

    དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་བས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་ཆུ་ཚད་དེ་བས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་དམིགས་ནས་ཁྲིམས་སྐྱོང་དེ་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་ཕན་ཚུན་མཐུན་སྦྱོར་བྱེད་པར་དེ་བས་གཙིགས་ཆེན་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་འགན་སྲུང་དང་དེར་སྐུལ་འདེད་གཏོང་བར་དེ་བས་གཙིགས་ཆེན་བྱས་ནས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྒྱུར་ནན་པོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི”ནན་བཤད་གནང་ཡོད།

    “ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ལས་ཀའི་བཀོད་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་རེ་རེར་བརྟེན་ནས་ལམ་ལུགས་ཀྱི་ལེགས་ཆ་བརྟན་དུ་གཏོང་བ་དང་མངོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱས་ནས་དམངས་འཚོའི་བདེ་རྩ་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ཆེ་རུ་ཏན་ཏིག་གཏོང་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཅའ་ཁྲིམས་ལས་དོན་ཨུ་ལྷན་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧོང་ཧའེ་ཧྭ་ཡིས་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་སྔར་བས་ཁ་གསལ་བཟོས་གནང་བ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡང་ཟབ་ཏུ་བཏང་ཡོད།

    “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཐོག་མའི་གསར་རྩོམ་རང་བཞིན་གྱི་ལེགས་སྐྱེས་ལ་ཞིབ་འཇུག་དང་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་རང་བདག་གི་ཁྲིམས་རིག་པའི་ཤེས་བྱའི་མ་ལག་འཛུགས་པ། ལག་ལེན་ཕྱོགས་སྟོན་དུ་བྱེད་པའི་ཁྲིམས་རིག་པ་སློབ་གླིང་གི་སློབ་གསོ་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐོ་སློབ་ཀྱི་ཁྱད་ལྡན་ལེགས་ཆ་འདོན་པ། རིག་མཛོད་འཛུགས་སྐྱོང་སོགས་བརྒྱུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་ལ་ཞབས་འདེགས་ཞུ་དགོས”ཞེས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་མཱ་ཧོའེ་ཏེས་བཤད།

    ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་མཉམ་དུ་གཏོད་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲིམས་སྐྱོང་ལས་དོན་སྡེ་ཚན་གྱིས་ནན་ཏན་ངང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་རང་འགུལ་ངང་ཐེག་པ་ཁུར་ལེན་བྱེད་པ་དང་། སྡེ་ཚན་ཁག་དང་ཁྱབ་ཁོངས་ཁག་གིས་ཁྲིམས་ལྟར་བྱ་བ་ནན་པོ་བསྒྲུབས་ཏེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་པའི་རྣམ་པ་གསར་པ་མཉམ་དུ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།

    སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་བསྐྲུན་རྒྱུ་ནི་ཁྲིམས་སྐྱོང་གི་ལམ་བུར་འགལ་ཟླ་དང་རྩོད་གཞི་སེལ་བར་འགན་ལེན་ཏན་ཏིག་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཧུའུ་པེ་ཝུའུ་ཧན་ཅང་ཨན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བཅའ་ཁྲིམས་རོགས་སྐྱོར་དང་། སྲིད་འཛིན་བསྐྱར་གྲོས། སྤྱི་བདེའི་ཡིག་འབུལ་ཞུ་བཅར་སོགས་ཀྱི་སྐར་ཁུང་དུ་ལས་དོན་པས་གྱོན་ཆས་གཅིག་གྱུར་གྱོན་ནས་མང་ཚོགས་ལ་སྣེ་ལེན་ཞུ་བཞིན་ཡོད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་ལས་དོན་ལ་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་ཡོད”ཅེས་ཅང་ཨན་ཆུས་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱུན་གཏན་ལས་དོན་ཁག་བགོས་དོ་དམ་གྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཧྥེ་ཡིས་བཤད་པ་དང་། ཁོང་གིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་བཅའ་སྡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་འགན་སྒྲུབ་དང་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་བ་དང་། འགལ་ཟླ་དང་རྩོད་གཞི་སེལ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་བཤད།

    “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་དང་། གསར་གཏོད་གཏིང་ཟབ་ཏུ་བཏང་བ། ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་ཞིག་ཡིན་ལ། བབ་བསྟུན་འཕེལ་རྒྱས་དང་སྒོ་དབྱེ་ཡར་ཐོན་གྱི་བསམ་བློའི་མ་ལག་ཅིག་ཀྱང་རེད”ཅེས་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྲིད་ཁྲིམས་པུའི་ཀྲུའུ་རེན་ཧྥེང་ལི་ཞ་ཡིས་བཤད་པ་དང་། ཁོང་གིས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་བླངས་ཏེ་ཆ་ཚང་བ་དང་། གནད་ལ་འཁེལ་བ། གཏིང་ཟབ་པ། མཐིལ་ཕྱིན་པ་བཅས་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་དེ་བས་མང་བ་འདོན་དགོས་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།