རྒྱལ་ཡོངས་སུ་དགུན་གྲོ་བཅུ་ཆ་དགུ་ཙམ་བཏབ་ཟིན་པ།

ཟླ་11ཚེས་8ཉིན་བར་རྒྱལ་ཡོངས་སུ་དགུན་གྲོ་བཅུ་ཆ་དགུ་ཙམ་བཏབ་ཟིན་པའི་ཁྲོད། རྨ་ཆུ་དང་ཧོའེ་ཧའེ་གཙང་པོའི་རྒྱུད་དུ་བཅུ་ཆ་དགུ་དང་ཕྱེད་ཀ་ཙམ་བཏབ་ཟིན་ཡོད། ཞིང་ཆེན་དབྱེ་ནས་བལྟས་ཚེ་ཧོ་ནན་དང་། ཧྲན་ཏུང་། ཧྲའན་ཤིས། ཧྲན་ཤིས་བཅས་སུ་བཅུ་ཆ་དགུ་དང་ཕྱེད་ཀ་བཏབ་ཟིན་པ་དང་། ཨན་ཧུའེ་རུ་བཅུ་ཆ་དགུ་ཙམ་བཏབ་ཟིན་པ། ཅང་སུའུ་རུ་བཅུ་ཆ་བརྒྱད་ཙམ་བཏབ་ཟིན་པ་བཅས་རེད།
འདི་ནི་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ཁྲེན་པའོ་གྲོང་རྡལ་ཅང་ཀྲོང་གྲོང་ཚོའི་ཞིང་ནང་དུ་ཞིང་འཕྲུལ་སྤྱད་ནས་དགུན་གྲོ་འདེབས་བཞིན་པ།
འབྲེལ་ཡོད་གསར་འགྱུར།