དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པའི་ཚོགས་ཆུང་ཚང་མ་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-22

    ཚེས་19ཉིན། གསར་འགོད་པར་སྐྱེ་ཁམས་ཁོར་ཡུག་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཁག་ལྔ་པའི་ཚོགས་ཆུང་བཅུ་ཀ་ལྟ་བཤེར་བཅའ་སྡོད་བྱས་ཟིན་པ་རེད།

    དེའི་ནང་འཆར་ཅན་ལྟ་བཤེར་ཚོགས་ཆུང་བརྒྱད་ཡོད་པ་དེ་དག་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་དང་། ཀྲུང་གོ་ཧྭ་གློག་ཚོགས་པ་ཚད་ཡོད་ཀུང་སི། རྒྱལ་ཁབ་ནུས་རྒྱུ་མ་འཇོག་ཚོགས་པ་ཚད་ཡོད་འགན་འཁྲི་ཀུང་སི། ཨན་ཀང་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་པའོ་ཝུའུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོ་ཀྲུང་མེ་ནུས་རྒྱུ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྲུང་དབྱང་གི་ཁེ་ལས་ལྔར་འཆར་ཅན་ལྟ་བཤེར་བྱས་ཏེ་དུས་ཡུན་ཟླ་བ་གཅིག་བཅའ་སྡོད་བྱ་རྒྱུ་རེད།

    པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་། ཧོ་ནན། ཨན་ཧུའེ། ཅང་སུའུ། ཀྲེ་ཅང་སོགས་ཞིང་ཆེན(གྲོང་ཁྱེར)བརྒྱད་དུ་མིས་བཟོས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་བྱ་རྒྱུ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཞིང་ཆེན(གྲོང་ཁྱེར)གསུམ་དུ་འཆར་ཅན་ལྟ་བཤེར་བྱེད་སྐབས་མིས་བཟོས་གཙང་པོའི་རིག་གནས་ཀྱི་སྲུང་སྐྱོང་དང་། རྒྱུན་འཛིན། བེད་སྤྱོད་བཅས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྟ་བཤེར་གྱི་གཙོ་གནད་དུ་འཇོག་རྒྱུ་རེད།

    ཆེད་དོན་ལྟ་བཤེར་ཚོགས་ཆུང་གཉིས་ཀྱིས་ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་ཧྲན་ཏུང་དང་ཧོ་ནན་ཞིང་ཆེན་གཉིས་སུ་ལྟ་བཤེར་བྱེད་འགན་འཁུར་རྒྱུ་དང་བཅའ་སྡོད་བྱེད་ཡུན་གཟའ་འཁོར་གཉིས་ཡས་མས་ཡིན་པ་རེད།

    བཅའ་སྡོད་བྱེད་རིང་། འཆར་ཅན་ལྟ་བཤེར་ཚོགས་ཆུང་བརྒྱད་དུ་ཆེད་དོན་ལས་རེས་ཁ་པར་དང་སྦྲག་སྒམ་སོ་སོར་བཙུགས་ནས་ལྟ་བཤེར་བྱ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།