2025ལོའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་ཆིང་ཏའོ་རུ་འཚོགས་པ།
2025ལོའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གླེང་སྟེགས་ཚོགས་འདུ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མ་ལག་འཕོ་འགྱུར། མཉམ་འདྲེས་གསར་ཕྱོགས”ཞེས་པ་དེ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་འགོ》ཡི་ནང་གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཏུ་བཏང་སྟེ། གསར་འགྱུར་དྲིལ་བསྒྲགས་དང་དྲ་རྒྱའི་གླེང་ཕྱོགས་གཞི་གཅིག་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུན་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་མདུན་དུ། གཙོ་རྒྱུན་སྨྱན་སྦྱོར་གྱིས་ངེས་པར་དུ་འགྱུར་ལྡོག་ངོས་འཛིན་དང་། འགྱུར་ལྡོག་ཡོང་ཐབས་བྱེད་པ། མ་ལག་བསྐྱར་འཛུགས་བཅས་བྱས་ཏེ། མཉམ་འདྲེས་གཏིང་ཟབ་ཁུལ་དུ་ལམ་བུ་གསར་པ་གཏོད་དགོས་ཤིང་། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཆ་འཕྲིན་ཅན་གྱི་མཐུན་རྐྱེན་འོག་གླེང་ཕྱོགས་ཀྱི་གཙོ་ཁྲིད་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཙོ་ཤུགས་དམག་གཡུལ་ས་གཙོ་བོར་བསྐྱོད་རྒྱུའི་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། དྲ་སྦྲེལ་གྱི་བསམ་གཞིགས་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུར་གཙོ་ཁྲིད་བྱེད་པ་དང་། སྔོན་ཐོན་ལག་རྩལ་དེ་ཐོན་སྐྱེད་དང་བརྒྱུད་སྤེལ་གྱི་སྦྲེལ་ལམ་ཧྲིལ་པོར་ཁྱབ་པ་བྱེད་པ། གསར་འགྱུར་གྱི་ཐོན་སྐྱེད་ནུས་ཤུགས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ལག་རྩལ་གྱི་འགྱུར་ཚད་དེ་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་འཕར་ཚད་དུ་བསྒྱུར་ནས། དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བརྗོད་པ་རེད།
སྐབས་འདིའི་གླེང་སྟེགས་དེ་མི་དམངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་དང་ས་གནས་སྨྱན་སྦྱོར་གྱི་འགན་འཁུར་བློ་མཐུན། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་སོགས་མི་300ལྷག་ཙམ་ཚོགས་འདུར་ཞུགས་ཡོད། འགོ་ཚུགས་མཛད་སྒོ་ཕུད་སྐབས་འདིའི་གླེང་སྟེགས་ཐོག“རྣམ་པ་གསར་པ་དང་ལས་རྣམ་གསར་པ་མཉམ་འདྲེས་ཀྱི་ཡན་ལག་གླེང་སྟེགས”དང་།“གྲངས་རིག་མཉམ་འདྲེས་ཀྱི་ལག་ལེན་གསར་པ་དང་མདུན་ལམ་གསར་པའི་ཡན་ལག་གླེང་སྟེགས” “རིག་ནུས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཁ་ཕྱོགས་གསར་པའི་ཡན་ལག་གླེང་སྟེགས”བཅས་མཉམ་སྤེལ་ཡན་ལག་གླེང་སྟེགས་3དུས་གཅིག་ཏུ་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།