དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་ངལ་ལས་སྤུས་རྟགས་2500ཙམ་སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-22

    གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རྒྱལ་ཡོངས་སུ་ངལ་ལས་སྤུས་རྟགས་2500ཙམ་སྐྱེད་སྲིང་བྱས་ནས་ཞིང་པ་ལས་མི་དུང་ཕྱུར་ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་རེད།

    ཉིན་ཤས་གོང་། རྒྱལ་ཡོངས་ངལ་ལས་མཐུན་སྦྱོར་དང་ངལ་ལས་སྤུས་རྟགས་འཕེལ་རྒྱས་ཚོགས་ཆེན་སྐབས་གསུམ་པ་ཀོང་ཤིས་ནན་ཉིང་དུ་འཚོགས་ཤིང་། ད་རེས་ཀྱི་ཚོགས་ཆེན་ཐོག“མཐུན་སྦྱོར་བྱས་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་། བཟོ་བོའི་བློ་ཡིས་སྤུས་རྟགས་གཏོད་པར་གཞོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་རིང་ངལ་ལས་སྤུས་རྟགས་ཀྱི་ལས་དོན་འགྲན་བསྡུར་དང་། ངལ་ལས་སྤུས་རྟགས་འཕེལ་རྒྱས་ཀྱི་བགྲོ་གླེང་སྤེལ་རེས། ངལ་ལས་མཐུན་སྦྱོར་དང་ངལ་ལས་སྤུས་རྟགས་ཀྱི་ཆེད་དོན་ལས་བསྡུ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། དེའི་ཁྲོད་ཆེད་དོན་ལས་བསྡུའི་ནང་གཙོ་གནད་ཐོག་ཞིང་ཆེན་བརྒལ་བའི་ངལ་ལས་མཐུན་སྦྱོར་ཁེ་ལས་དང་གཙོ་གནད་ཐོན་ལས་གླིང་ཁུལ་གྱི་ཁེ་ལས་སོགས་མི་སྤྱོད་ཚན་པ་400ལྷག་ཙམ་གདན་ཞུ་བྱས་པ་དང་། ལས་གནས་ཁྲི་3གཅིག་སྡུད་ཐོག་བཏོད་དེ་ངལ་རྩོལ་པའི་ཁྲོམ་རའི་མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་རེད།

    མིག་སྔའི་བར། རྒྱལ་ཡོངས་སུ་དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་200ཙམ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་དང་སྐྱེད་སྲིང་བྱས་ཤིང་། ད་རེས་ཀྱི་ཚོགས་ཆེན་དུ་དབུལ་སྒྲོལ་ས་ཁུལ་གྱི་ཁྱད་ལྡན་ངལ་ལས་སྤུས་རྟགས་14འགྲེམས་སྟོན་ནང་ཞུགས་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་མང་ཚོགས་ཁྱོན་ཁྲི་36.5ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་། ཆ་སྙོམས་སྤུས་རྟགས་རེས་མི་ཁྲི་2.6སྐུལ་ཁྲིད་ཐུབ་ཡོད། ངལ་ལས་སྤུས་རྟགས་བརྒྱུད་ལས་ཞུགས་བྱས་པའི་དབུལ་སྒྲོལ་ངལ་རྩོལ་པའི་གླ་ཆའི་ཆུ་ཚད་སྤྱིར་བཏང་གི་ལས་མི་མང་ཚོགས་ལས་མཐོ་བ་དང་། རྩལ་ནུས་ཀྱི་ལས་གནས་ཁ་ཤས་ཀྱི་ལས་མིའི་ཡོང་འབབ་ལྡབ་འཕར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།