ཟླ་10པར་རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བ།
གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་10པར། རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་མངོན་ཡོད།
ཚོང་ཟོག་འཛད་སྤྱོད་བརྟན་པོའི་ངང་འཕར་ཞིང་། ཟླ་10པར། ཚོང་ཟོག་སིལ་ཚོང་བསྡོམས་འབོར་2.8%འཕར་བ་དང་། རྙིང་པ་གསར་པར་བརྗེ་བའི་འབྲེལ་ཡོད་ཚོང་ཟོག་བྲིན་ཚོང་མགྱོགས་ཙམ་འཕར་བའི་ནང་བཅད་གྲངས་ཡན་གྱི་ཚན་པའི་འཕྲིན་གཏོང་ཡོ་བྱད་དང་། རིག་གནས་ཀྱི་གཞུང་ལས་མཁོ་ཆས། ཁྱིམ་ཆས་སིལ་ཚོང་གི་བསྡོམས་འབོར་བཅས་23.2%དང་། 13.5% 9.6%ཁག་སོ་སོར་འཕར་ཡོད། རིམ་སྤོར་རིགས་ཀྱི་ཚོང་ཟོག་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་བའི་ནང་གསེར་དངུལ་ནོར་ཆས་དང་། ལུས་རྩལ་རོལ་རྩེད་ཀྱི་སྤྱོད་ཆས། མཛེས་རྫས་ཀྱི་སིལ་ཚོང་བསྡོམས་འབོར་བཅས་37.6%དང་། 10.1% 9.6%ཁག་སོ་སོར་འཕར་ཡོད།
ཞབས་ཞུའི་འཛད་སྤྱོད་འཕར་བའི་རྣམ་པ་ལེགས་པོ་ཡོད་ཅིང་། ཟླ་1པོ་ནས་10པའི་བར། ཞབས་ཞུའི་སིལ་ཚོང་བསྡོམས་འབོར་5.3%འཕར་ཡོད། གུང་གསེང་རིང་གི་ཡུལ་སྐོར་སྐུལ་ཁྲིད་འོག་ཡུལ་སྐོར་བློ་འདྲིའི་བོགས་གཏོང་ཞབས་ཞུ་དང་། འགྲིམ་འགྲུལ་ཕྱིར་སྐྱོད་ཞབས་ཞུ། རིག་གནས་ལུས་རྩལ་དང་སོས་དལ་ཞབས་ཞུ་བཅས་ཀྱི་སིལ་ཚོང་བསྡོམས་འབོར་10%ཡན་འཕར་ཡོད། ཟླ་10པར། བཟའ་བཏུང་གི་ཡོང་འབབ་3.8%འཕར་ཡོད།
འཛད་སྤྱོད་གསར་པ་ཅུང་མགྱོགས་པོ་འཕར་བ། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེན་པོ་ལས་མངོན་པར། ཟླ་10པར་གཙོ་གནད་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་རིག་ནུས་བདེ་ཐང་སྒྲིག་ཆས་ཀྱི་བྲིན་ཚོང་བསྡོམས་འབོར་བཅུ་ཆ་གཉིས་ཙམ་འཕར་བ་དང་། རིག་ནུས་སྤྱོད་ཆས་ཀྱི་བྲིན་ཚོང་བསྡོམས་འབོར་4%ཙམ་འཕར་བ། རིམ་པ་དང་པོའི་ནུས་འབྲས་ཁྱིམ་སྤྱོད་གློག་ཆས་ཁག་གཅིག་གི་བྲིན་ཚོང་བསྡོམས་འབོར་10%ལས་བརྒལ་ཡོད།
ཟླ་1པོ་ནས་10པའི་བར་རང་རྒྱལ་གྱི་དྲ་ཚོང་གིས་འཛད་སྤྱོད་དམངས་ཕན་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། རིག་ནུས་ཐོན་རྫས་དང་། དྲ་རྒྱའི་ཞབས་ཞུ། དྲ་ཚོང་བཅས་འཕར་ཤུགས་ཆེ་བ་མ་ཟད། དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད་21%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།