དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྟོན་ཀའི་གུང་གསེང་བཞག་པས་ཕན་ཐོགས་གང་འདྲ་བྱུང་ཡོད་དམ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-22

    ཟླ་11ཚེས་12ནས་14ཉིན་བར་ས་ཆ་མང་པོ་ཞིག་གི་སློབ་གྲྭ་འབྲིང་ཆུང་ཁག་གིས་སྟོན་ཀའི་གུང་གསེང་ཉིན་3བཞག་ཡོད། དེས་སློབ་མ་ཚོར་ཕན་ཐོགས་གང་འདྲ་བྱུང་ཡོད་དམ། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ཇི་ལྟར་བྱེད་དགོས་སམ།

    ད་ལོའི་ཟླ་9པར་སྡེ་ཚན་9ཡིས་འབྲེལ་ཡོད་ཡིག་ཆ་བཀྲམ་སྟེ་སློབ་གྲྭ་འབྲིང་ཆུང་ཁག་ལ་སྟོན་དཔྱིད་གཉིས་ཀྱི་གུང་གསེང་བཞག་ན་འཚམ་པོ་ཡོད་མེད་སྐོར་འཚོལ་ཞིབ་བྱས་ནས་བཏོན་ཡོད། ཉེ་ཆར། ཀོང་ཏུང་དང་། ཀྲེ་ཅང་། སི་ཁྲོན། ཧུའུ་པེ། ཧྲའན་ཤིས་སོགས་ཀྱིས་སྟོན་ཀའི་གུང་གསེང་བཞག་པས་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་འགྱུར་ལྡོག་གསར་པ་བྱུང་ཡོད།

    ཀྲེ་ཅང་གི་མཛེས་ལྗོངས་ཁུལ་མང་དག་ཅིག་གིས“སྟོན་ཀའི་གུང་གསེང་གི་ཆེད་དམིགས་རིན་མེད་ཡུལ་སྐོར”བཏོན་པ་དང་གཟིགས་སྐྱོང་དུས་ཡུན་ཟླ་11ཧྲིལ་པོ་ཡིན་པ་དང་། སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་ཁྲེང་རི་བོ་དང་ཏུའུ་ཅང་ཡན་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྤ་སེའི་རིན་པ་བསྡུས་མེད་པ་སོགས་ཧ་ཅང་མང་།

    ཀོང་ཏུང་ཧྥོ་ཧྲན་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སྟོན་དཔྱིད་གཉིས་ཀྱི་གུང་གསེང་འཇོག་པའི་ལམ་ལུགས་ཚོད་ལྟ་བྱས་ཤིང་། ཟླ་11ཚེས་12ནས་16ཉིན་བར་ཧྥོ་ཧྲན་ནས་ཐོན་མཁན་གྱི་གནམ་གྲུའི་སྤ་སེ་སྔོན་མངགས་བྱེད་མཁན་དུས་མཚུངས་ལས་ལྡབ་2.76མང་དུ་ཕྱིན་པ་དང་། ཧྥོ་ཧྲན་མྱུར་བགྲོད་ལྕགས་ལམ་སན་ཧྲུའེ་འབབ་ཚུགས་ལྷོ་མར་སྟོན་ཀའི་གུང་གསེང་བཞག་པའི་ཉིན་དང་པོར་ཕྲུ་གུ་ཁྲིད་ནས་ཡུལ་སྐོར་དུ་ཡོང་མཁན་རྣམས་འགྲུལ་བཞུད་བྱེད་མཁན་གཙོ་བོར་གྱུར་ཡོད།

    སློབ་གྲྭ་ངལ་གསོ་བཞག་རྗེས་ཕྲུ་གུ་ཚོས་ངལ་རྩོལ་ནང་ཞུགས་པས་ཕན་ཐོགས་ཡག་པོ་བྱུང་ཡོད། སི་ཁྲོན་ཅན་དབྱང་གྲོང་ཁྱེར་ཀའོ་ཕོ་གྲོང་ཚོའི་ཞིང་ལས་སློབ་ཚན་སྐབས་ཕྲུ་གུ་ཚོས་ཞོག་དམར་བརྐོ་བ་དང་། ཚ་ལུ་མ་འཐུ་བ། བུ་རམ་ཤིང་གཅོད་པ་སོགས་བྱས་ཡོད། བྱེད་སྒོའི་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་ཅའོ་ཡིས“ཕྲུ་གུས་དུས་ཚིགས་ལ་རྒྱུས་ལོན་དང་སོ་ནམ་ལས་ལ་ཉམས་ལེན་ཐུབ་ནས་ཕན་ཐོགས་ཡག་པོ་བྱུང་ཡོད”ཅེས་བཤད།

    ཁྱིམ་བདག་ལ་ངལ་གསོ་མེད་ན་ཇི་ལྟར་བྱེད་དགོས་པའི་ཐད། ས་ཆ་མང་པོ་ཞིག་གིས་སློབ་གྲྭའི་ནང་བཅོལ་ཉར་དང་། སྡེ་ཁུལ་དུ་བཅོལ་ཉར། སློབ་གྲྭར་ཞིབ་སྦྱོང་སོགས་ཀྱི་ཐབས་ཤེས་འཚོལ་ཞིབ་བྱས་ནས་བཏོན་ཡོད་ལ། ཕྱོགས་ཁག་གིས་ཀྱང་མཐུན་སྦྱོར་ངང་འཚོལ་ཞིབ་བྱས་ཡོད། དཔེར་ན། ད་ལོའི་དཔྱིད་ཀའི་གུང་གསེང་ནས་བཟུང་། ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་བཅོལ་ཉར་ཞབས་ཞུར་སྐུལ་འདེད་བཏང་བ་ལྟ་བུ་རེད། ཧང་ཀྲོའུ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་སློབ་གྲྭའི་སྤྱི་ཁྱབ་ལྟ་ཞིབ་པ་ཁུང་ཡུང་གོ་ཡིས་གལ་ཏེ་ཁྱིམ་བདག་ལ་ཕྲུ་གུར་ལྟ་རྟོགས་བྱེད་པའི་དུས་ཚོད་མེད་ན་རིན་མེད་ངང་སློབ་གྲྭར་བཅོལ་ཉར་བྱས་ན་འགྲིག་ཅིང་། དེ་ནི་སློབ་མ་རྣམས་སློབ་ཁང་དུ་སློབ་སྦྱོང་དང་ངལ་གསོ་རྒྱག་ཏུ་འཇུག་པ་ཙམ་མིན་པར་ལུས་རྩལ་དང་། རིག་རྩལ། ཚན་རྩལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་སློབ་མ་རྣམས་ལག་ལེན་སྔར་ལས་མང་བའི་ནང་ཞུགས་ཏུ་འཇུག་རྒྱུ་དེ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།