དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཁེར་ཕྱི་འབྲེལ་པུའུ་ཀྲང་གི་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ཐེངས་དང་པོ་བདེ་བླག་ངང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-22

    ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་པི་སི་ཁེག་ཏུ་ཁེར་གྷི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལུའུ་པ་ཡེ་ཧྥུ་དང་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ཐེངས་དང་པོ་བྱས་པ་རེད།

    ཝང་དབྱི་ཡིས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ཡི་ཐུགས་ཁུར་དང་སྐུལ་འདེད་འོག་ཀྲུང་ཁེར་གྱི་ཆབ་སྲིད་དབར་གྱི་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་པ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་བྱུང་ཡོད། འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་འཛུགས་པ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་དང་། དེས་ཕྱོགས་གཉིས་པོའི་འཐབ་ཇུས་ལ་ཕན་ཚུན་ཡིད་ཆེས་སྔར་བས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་ཀྱི་རྒྱལ་ཁབ་དར་རྒྱས་གང་མགྱོགས་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཀྲུང་གོ་ནི་ཁེར་གྷི་སི་ཐན་ཕྱོགས་ཀྱི་ཡིད་རྟོན་ཧ་ཅང་རུང་བ་དང་རྒྱབ་རྟེན་ཆེ་ཤོས་ཀྱི་རོགས་ཟླ་ཞིག་རེད། ལག་གདང་སྦྲེལ་ནས་ཁྱིམ་མཚེས་མཛའ་མཐུན་དང་ཐུན་མོང་དར་རྒྱས་ཀྱི་ཀྲུང་ཁེར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། དེ་ནི་དམངས་ཀྱི་བློ་ཁ་ཕྱོགས་ས་དང་དུས་ཀྱི་འཁོར་ཕྱོགས་རེད། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་གྱི་འབྲེལ་གཏུག་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ལས་སྟེགས་ལེགས་སུ་དང་སྟོབས་ཆེར་གཏོང་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡིན།

    ཁུའུ་ལུའུ་པ་ཡེ་ཧྥུ་ཡིས་བརྗོད་དོན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཤིན་ཅང་དང་། བོད་ལྗོངས། ཤང་ཀང་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་ཀྲུང་གོ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཚོང་དོན་མ་འཇོག་དང་། ཞིང་ལས་གཏེར་ལས། ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་ཀའི་ཁེ་ཕན་གྱི་མཐུན་ས་རྒྱུན་ཆད་མེད་པར་སྔོག་འདོན་བཅས་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཁེར་གྷི་སི་ཐན་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ་ང་ཚོས་ཀྱང་ཚོང་གཉེར་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་འདོད་ཀྱང་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་ཧུར་ཐག་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་རྒྱལ་སྤྱིའི་འདུམ་འགྲིག་ཁང་དུ་ཞུགས་པར་ཞིབ་འཇུག་ཧུར་ཐག་བྱེད་ཀྱི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།