ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནི་ཀྲེར་གྱི་སྨན་ཁང་དུ་འོས་འགན་སྨན་བཅོས་བྱེད་སྒོ་མཉམ་དུ་སྤེལ་བ།

ཉེ་ཆར། ནི་ཀྲེར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་24པ་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཀྲུང་ནི་ཁ་གཏད་མཉམ་ལས་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་གྱིས་ནི་ཀྲེར་ཕྱོགས་བསྡུས་དཔེ་སྟོན་སྨན་ཁང་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཆེ་གྲས་ཤིག་མཉམ་དུ་སྤེལ་ཏེ། ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་དང་བདེ་ཐང་དྲིལ་བསྒྲགས་སློབ་གསོའི་ཞབས་ཞུ་སྒྲུབ་པ་རེད། འདི་ནི་ནི་ཀྲེར་གྱི་གྲོང་ཁྱེར་ནི་ཡ་མེ་རུ་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་པས་ནད་པར་གསེར་ཁབ་རྒྱག་བཞིན་པ།
འབྲེལ་ཡོད་གསར་འགྱུར།