དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་ཟླ་བ་བཅུ་པ་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་ཁྲི་11.86བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-22

    《ཀྲུང་ཡོའི་དུས་གཏན་མེ་འཁོར་འཕེལ་རྒྱས་ཀྱི་སྙན་ཞུ(2025)》ཚེས་18ཉིན་ཡོངས་བསྒྲགས་བྱས་པ་རེད། སྙན་ཞུ་ལས་མངོན་དོན། 2025ལོའི་ཟླ་བ་བཅུ་པ་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་ཁྲི་11.86བཏང་བ་དང་། དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་1170དབོར་བ། ཟོག་འགྲེམས་ཞབས་ཞུའི་དྲ་རྒྱ་སྤྱིར་ན་ཨེ་ཤེ་ཡ་དང་ཡོ་རོབ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

    2013ལོ་ཚུན་དུ། ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་ལོར་ཆ་སྙོམས་འཕར་ཚད་65%ཟིན་ཡོད། 2025ལོའི་ཟླ་བ་བཅུ་པའི་ཟླ་མཇུག་བར། ཀྲུང་གོའི་མངའ་ཁོངས་ཀྱི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཤར་གཏོང་བྱས་པའི་གྲོང་ཁྱེར་རིམ་རྩིས་བརྒྱབ་ན་128ཟིན་པ་དང་། དེ་དག་ཡོ་རོབ་ཀྱི་རྒྱལ་ཁབ་26གི་གྲོང་ཁྱེར་232དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད་པ་རེད། དབོར་འདྲེན་བྱས་པའི་དངོས་ཟོག་རིགས་མི་འདྲ་བ་53དང་ཚོང་ཟོག་སྣ་ཁ་ཁྲི་5ལྷག་ཙམ་བར་མང་དུ་ཕྱིན་ཞིང་། རླངས་འཁོར་གྱི་ལྷུ་ལག་དང་། འཕྲུལ་ཆས་སྒྲིག་ཆས། གློག་རྡུལ་གློག་ཆས་སོགས་ཟུར་སྣོན་རིན་ཐང་ཆེ་བའི་དངོས་ཟོག་ཀྲུང་གོས་ཀྲུང་ཡོའི་དུས་གཏན་མེ་འཁོར་བརྒྱུད་ཕྱིར་གཏོང་བྱེད་པའི་ཚོང་ཟོག་གཙོ་བོར་གྱུར་ཡོད་པ་དང་། 2024ལོར་བསྡུར་གྲངས་བཟུང་ཚད་60%ལྷག་ཟིན་ཡོད། ཀྲུང་ཡོའི་དུས་གཏན་མེ་འཁོར་བརྒྱུད་ཡོ་རོབ་ནས་ཀྲུང་གོར་དབོར་བའི་དངོས་ཟོག་གྲས་སུ་འཕྲུལ་གློག་ཐོན་རྫས་དང་། ལྕགས་རིགས་རྩ་ཆེན། སྨན་བཅོས་ཡོ་ཆས། ཟས་རིགས། ཨ་རག་སོགས་ཚུད་ཡོད་པ་དང་། ཡོ་རོབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྔར་བས་མང་བ་ཀྲུང་གོའི་ཁྲོམ་རར་དབོར་བཞིན་ཡོད། 2024ལོའི་ལོ་མཇུག་བར། ཀྲུང་ཡོའི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན་སྐྱེལ་འདྲེན་བྱས་པའི་ཟོག་གོང་ཨ་སྒོར་དུང་ཕྱུར་4264ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།