པར་ཙིར་གྱི་གཞོན་ནུ་ལོ་ཆུང་ཚོར་ཕུགས་འདུན་དོན་གཉེར་བྱེད་རོགས་བྱེད་དགོས།
པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ཁན་ཕི་ནཱ་སི་གྲོང་ཁྱེར་ཨའོ་ཆི་ཨེར་སྡེ་ཁུལ་གྱི་རྐང་རྩེད་སྤོ་ལོའི་ཐང་དུ་བྱིས་པ་ཚོའི་དགོད་སྒྲས་ཁེངས། དེ་ནི་ཀྲུང་གོའི་རྒྱལ་ཁབ་གློག་དྲ་པར་ཙིར་གློག་ཤུགས་CPFLཀུང་སིས་ཨའོ་ཆི་ཨེར་སྡེ་ཁུལ་དུ་རོགས་སྐྱོར་བྱས་ནས་བསྐྲུན་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གསོ་སྦྱོང་རྟེན་གཞི་རེད། 2024ལོའི་ཟླ་བ་9པར། ཀུང་སི་དེ་དང་ཧྲའན་ཤིས་ཞིང་ཆེན་གཞོན་ནུ་ལུས་རྩལ་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བའི“ཀྲུང་གོ་དང་པར་ཙིར་ཁྱིམ་ཚང་གཅིག”ལྟར་བརྩི་བའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྤྱི་ཕན་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་དང་ས་ཚིགས་ཐོག་མ་དེ་གར་བསྐྲུན་པ་རེད།
“རྐང་རྩེད་སྤོ་ལོས་ཕྲུ་གུ་དེ་དག་ལ་རེ་བ་སྦྱིན་ཡོད”ཅེས་པར་ཙིར་གྱི་རྩལ་ཁྲིད་པ་ཨའོ་ཁེ་ཐ་ཝེ་ཨོ·མུའུ་ཉི་ཙི·ཁ་སྨི་ལུའོ་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་ཚད་ལྡན་ཅན་གྱི་སྦྱོང་བརྡར་བྱ་ཡུལ་སྐྲུན་རོགས་བྱས་པ་མ་ཟད། ད་དུང་ལོ་6ནས་16བར་གྱི་གཞོན་ནུ་ལོ་ཆུང་360ལ་མ་ལག་ཆ་ཚང་བ་དང་རིན་མེད་ཀྱི་ཆེད་ལས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱེད་ཀྱི་ཡོད། རྐང་རྩེད་སྤོ་ལོས་ཕྲུ་གུ་ཚོའི་ལས་དབང་ལ་འགྱུར་ལྡོག་བཏང་བ་མ་ཟད། ཨའོ་ཆི་ཨེར་སྡེ་ཁུལ་ལ་གསོན་ཤུགས་གསར་པ་ཡང་སྦྱིན་ཡོད། ཕྲུ་གུ་ཚོས་སྦྱོང་བརྡར་ཁྲོད་སྒྲིག་སྲོལ་ལ་བརྩི་སྲུང་དང་མཐུན་སྦྱོར་བྱེད་སྟངས་ཤེས་ཡོད་ལ། ཁྱིམ་བདག་ཚོས་ཀྱང་རང་འགུལ་ངང་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཡོད་ཅེས་བརྗོད། “ཕྲུ་གུ་ཚོས་ཚོགས་པའི་སྙིང་སྟོབས་དང་མཛའ་གྲོགས་ཀྱི་དོན་སྙིང་ལ་རྒྱུས་མངའ་ལོན་པའི་རེ་བ་བྱེད་ཀྱི་ཡོད” ཁོང་གིས། ལུས་རྩལ་ནི་སྐད་རིགས་དང་། རིག་གནས། ཡིད་ཆེས་བཅས་ཀྱི་འགོག་རྐྱེན་ལས་སྒྲོལ་བའི་ཟམ་པ་ཡག་ཤོས་རེད་ཅེས་བརྗོད་པ་རེད།
སྤྱི་ཕན་རྣམ་གྲངས་དེས་ད་དུང་ཧྲའན་ཤིས་ཞིང་ཆེན་གྱི“འཆར་གཞི་བརྒྱ་གསུམ”དང་སློབ་གྲྭའི་སྤྱི་ཕན་སློབ་ཚན་ནང་ཞུགས་ནས་མཉམ་འགུལ་བྱས་ཏེ་ཀྲུང་གོ་དང་པར་ཙིར་གྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། 2024ལོར། པར་ཙིར་གྱི་བསླབ་རྒན་རྩལ་ཁྲིད་པ་ཁག་དང་པོ་ཧྲའན་ཤིས་ཤིས་ཨན་དང་ཞན་དབྱང་སོགས་སུ་བསྐྱོད་དེ་དུས་ཡུན་ཟླ་བ་གཉིས་རིང་ཀྲུང་གོའི་སློབ་མ་2000ལྷག་ཙམ་ལ་པར་ཙིར་གྱི་ཉམས་སྣང་ལྡན་པའི་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་བྱས་ཡོད། 2025ལོའི་ཟླ་བ་6པར། པར་ཙིར་གྱི་རྩལ་ཁྲིད་པ་ཁག་གསར་པ་ཀྲུང་གོར་ཡོང་ནས་ས་གནས་དེ་གའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སློབ་ཚན་ནང་ཞུགས་ཏེ་ཀྲུང་གོ་དང་པར་ཙིར་གྱི་ལུས་རྩལ་སྤེལ་རེས་ཀྱི་ཡུན་རིང་མཉམ་ལས་ལམ་སྲོལ་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།