ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་ལྔ་པ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡིས་གཙོ་གཉེར་བྱས་པའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དབར་གྱི་གླེང་མོལ་ཚོགས་འདུ་སྐབས་ལྔ་པ་པེ་ཅིང་དུ་འཚོགས་ཏེ“སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཀྲུང་གོ་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིན་དང་། དེ་བཞིན་ཝ་ནུ་ཨ་ཐུའི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་དང་གཙོ་འཛིན་ཏང་གི་གྲོས་མི་ཧྥེ་ལི་ཁེ་སི་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་སྲིད་དོན་མི་སྣ་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཧའེ་ཤིན་གྱིས། ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་དང་ཆབ་སྲིད་མཁས་ཅན་དང་མཉམ་དུ་ཕྱོགས་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཐུན་མོང་ངོས་འཛིན་གྱི་སྣེ་ཁྲིད་སྟོབས་ཤུགས་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དཔེ་སྟོན་གྱི་སྟོབས་ཤུགས། དངོས་སྒྲུབ་མཉམ་ལས་ཀྱི་སྐུལ་སྤེལ་སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་ནས་ལག་གདང་སྦྲེལ་ཏེ་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བརྗོད་པ་དང་། ལིའུ་ཧའེ་ཤིན་གྱིས་ད་དུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ངོ་སྤྲོད་ཀྱང་གནང་བ་རེད།
ཚོགས་འདུར་ཞུགས་མཁན་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཀྱི་སྲིད་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན་གྱིས། ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་གྲོས་བཞི་ཆེན་པོ་བཞི་མཉམ་དུ་དོན་འཁྱོལ་བྱས་ནས་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།